༄༅།། དྲ་ལམ་དཀྲོག་གཏམ་དང་རྫུན་བཟོའི་ཉེས་ཁྲིམས་གཏན་འབེབ།

ཚེ་བརྟན་སྒྲོལ་མས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05


        སྤྱི་དམངས་དང་ཁྲིམས་མི། ད་དུང་རྩ་འཛུགས་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་འཕེལ་རིམ་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱིས་དྲ་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་པའི་ཁྲིམས་འཛིན་གྱི་གསལ་བཤད་བྱས་ཡོད། 
        ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཐག་བཅད་པའི་དྲ་ལམ་བརྡ་འཕྲིན་གྱིས་ནག་ཉེས་རྫུན་བཟོ་སོགས་ཉེས་དོན་དོན་རྐྱེན་ལ་འཕྲིན་གྱིས་ནག་ཉེས་རྫུན་བཟོ་སོགས་ཉེས་དོན་དོན་རྐྱེན་ལ་ཁྲིམས་ལུགས་ལྟར་གནད་དོན་གྱི་གསལ་བཤད་ཡིག་ཆ་2013ལོའི་ཟླ་9པའི་ཚེས5ཉིན་ལ་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་དོན་གཅོད་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་དགུ་པའི་ཚོགས་འདུ་ལས་གྲོས་འཆམ་བྱུང་ཞིང་ཁྱབ་བསྒྲགས་བཏང་བ་དང་། 2013ལོའི་ཟླ་9པའི་ཚེས10ཉིན་ནས་ལག་བསྟར་བྱས།
དང་པོ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཞེ་དྲུག་གི་དུམ་ཚན་དང་པོའི་གཏན་འབེབས་ལྟར། མི་གཞན་ལ་དོན་དངོས་རྫུན་བཟོ་བྱས་བར་གནས་ཚུལ་ཚབས་ཆེན་ཡིན་པར་ལོ་གསུམ་མན་གྱི་དུས་བཀག་བཙོན་བཅུག་དང་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་དང་ཡང་ན་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་སོགས་ཀྱི་ཐག་གཅོད་བྱ་ཆོག 
གཉིས་པ། མི་གཞན་གྱི་མཚན་སྙན་གྲགས་ལ་ནག་ཉེས་བཟོས་ནས་བརྡ་འཕྲིན་ཐོག་ནས་ཁྱབ་བསྒྲགས་བཏང་བ་དང་ཡང་ན་རྩ་འཛུགས་དང་མི་སྣར་ངན་སློང་བཏང་ནས་བརྡ་འཕྲིན་ལས་བརྡ་ཁྱབ་གཏོང་བ། 
ཆ་འཕྲིན་ཐོག་ནས་མི་གཞན་གྱི་མ་ཡིག་གི་ནང་དོན་བསྒྱུར་ཏེ་མི་གཞན་གྱི་མཚན་སྙན་གྲགས་ལ་གནོད་འཚེ་ཐེབས་པར་བྱས་ནས་དྲ་ལམ་ནས་ཁྱབ་བསྒྲགས་གཏོང་བ་དང་ཡང་ན་རྩ་འཛུགས་དང་མི་གཞན་ལ་ངན་སློང་གཏོང་བར་དྲ་ལམ་ནས་ཁྱབ་སྤེལ་གཏང་བ་ནི་མི་གཞན་གྱི་མཚན་སྙན་གྲགས་ལ་གནོད་པ་གཏོང་བའི་དོན་དངོས་ཡིན་པས། དྲ་ལམ་དོན་དངོས་རྫུན་བཟོ་ཡི་ཉེས་པ་ལྟར་བརྩི་དགོས།  ནག་ཉེས་ཀྱི་དོན་དངོས་ལ་ལྟ་ཐེངས་ལྔ་བརྒྱ་ལས་བརྒལ་བ་དང་། ཡང་ན་བརྒྱུད་བསྐུར་བྱེད་ཚད་ཐེངས་ལྔ་བརྒྱ་ལས་བརྒལ་ནས་གནོད་འཚེ་ཕོག་མཁན་དང་འབྲེལ་ཡོད་ཁྱིམ་མིའི་དྲན་ཤེས་འཁྲུག་པ་དང་དབང་སྐྱོན་ཤོར་བ། རང་སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་སློང་བ།  ལོ་གཉིས་ཀྱི་རིང་ལ་ནག་ཉེས་བཟོས་ནས་སྲིད་འཛིན་གྱི་ཐག་གཅོད་མྱོང་བ་དང་མི་གཞན་ལ་ནག་ཉེས་བཟོ་མཁན། མང་ཚོགས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་སྐུར་མཁན། ཐུན་མོང་གི་སྒྲིག་ལམ་གཏོར་མཁན། མི་རིགས་དང་ཆོས་ལུགས་ལ་འགལ་རྐྱེན་བཟོ་མཁན། མི་མང་བོར་ནག་ཉེས་བཟོས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་མཁན། དེ་མིན་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁེ་དབང་ལ་གནོད་པ་བཟོ་བའི་གནས་ཚུལ།  
        ལོ་གཅིག་གི་ནང་དྲ་ལམ་སྤྱད་ནས་མི་གཞན་ལ་ནག་ཉེས་བཟོས་པར་ཐག་གཅོད་བྱས་མེད་པ་དང་། ནག་ཉེས་བརྡ་འཕྲིན་ལ་ལྟ་བ་དང་བརྒྱུད་བསྐུར་བྱེད་ཚད་ཚད་ལས་བརྒལ་ན། ཁྲིམས་ལྷར་ཐག་གཅོད་བྱ་རྒྱུ། 
        དྲ་ལམ་བཀོལ་སྤྱོད་བྱས་ནས་མི་གཞན་ལ་ངན་སྨྲས་དང་འཇིགས་སྐུལ་བྱེད་པའི་གནས་ཚུལ་ཚབས་ཆེན། སྤྱི་ཚོགས་ཀྱི་འཕེལ་རིམ་ལ་གནོད་པ་བཟོ་མཁན་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་གྱི་དུམ་ཚན་དང་པོ་དང་གཉིས་པ་ལས་གཏན་འབེབ་བྱས་པ་ལྟར། བསྙད་འཚོལ་ཟིང་སློང་མཁན་ལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། ཆ་འཕྲིན་རྫུན་མ་དང་རྫུན་མ་ཡིན་པ་ཤེས་བཞིན་དུ་དྲ་ཐོག་ཏུ་ཁྱབ་སྤེལ་གཏོང་བ་དང་། ཡང་ན་རྩ་འཛུགས་དང་མི་གཞན་ལ་ངན་སློང་བྱས་ནས་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོང་བར་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་གྱི་དུམ་ཚན་བཞི་པ་ལས་གཏན་འབེབས་ལྟར། བསྙད་འཚོལ་ཟིང་སློང་གི་ཉེས་གཞི་ལྟར་ལོ་ལྔ་མན་གྱི་དུས་བཀག་བཙོན་བཅུག་དང་བཙོན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་བྱ་རྒྱུ། 
     དྲ་ལམ་དུ་བརྒྱུད་བསྐུར་བྱེད་པ་དང་སུབ་པ་སོགས་ཀྱི་བྱ་ཐབས་བརྟེན་ནས་དྲ་ལམ་ཆ་འཕྲིན་བེད་སྤྱོད་བྱས་པར་བརྟེན་ནས། མི་གཞན་ལ་འཇིགས་སྐུལ་དང་བཙན་ཤེད་བྱས་ཏེ་རྒྱུ་ནོར་འཕྲོག་པའི་ཚད་ཅུང་མང་བ་དང་ཡང་ན་གོང་སྨྲས་ལག་བསྟར་གྱི་བྱ་སྤྱོད་དུ་ཚུད་པར། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བཞི་ལས་གཏན་འབེབས་ལྟར། རྒྱུ་ནོར་གཡོ་ཟའི་ཉེས་པར་བརྩི་དགོས། རྒྱུ་ནོར་གཡོ་ཟ་བྱེད་ཚད་མང་བ་དང་ཐེངས་མང་རྒྱུ་ནོར་གཡོ་ཟ་བྱས་ན། ལོ་གསུམ་མན་གྱི་དུས་བཀག་བཙོན་བཅུག་དང་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་གྱི་ཐག་གཅོད་བྱ་རྒྱུ་ཡིན་པར་མ་ཟད་དངུལ་ཆད་གཅོད་རྒྱུ་ཡིན་པ་རེད། རྒྱུ་ནོར་གཡོ་ཟའི་ཚད་མཐོ་བ་དང་དེ་མིན་གནས་ཚུལ་ཚབས་ཆེན་ལ། ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་བཅུག་བྱེད་པར་མ་ཟད་དངུལ་ཆད་གཅོད་རྒྱུ་རེད། ཚད་ཧ་ཅང་མཐོ་བ་དང་དེ་མིན་གྱི་དོན་དག་ཧ་ཅང་ཚབས་ཆེན་ལ། ལོ་བཅུ་ཡན་གྱི་དུས་བཀག་བཙོན་བཅུག་དང་དངུལ་ཆད་གཅོད་རྒྱུ་རེད། 
        རྒྱལ་ཁབ་ཀྱི་གཏན་འབེབས་ལ་འགལ་བ་དང་། ཁེ་ཕན་དམིགས་ཡུལ་དུ་བཟུང་ནས། དྲ་ལམ་ནས་རིན་དོད་ཡོད་པར་བརྡ་འཕྲིན་སུབ་པའི་ཞབས་ཞུ་བསྒྲུབ་པ་དང་། ཡང་ན་རྫུན་མ་ཡིན་པ་ཤེས་བཞིན་དུ་དྲ་ལམ་ནས་རིན་དོད་ཡོད་པར་བརྒྱུད་བསྐུར་བྱེད་པའི་ཞབས་ཞུ་སྒྲུབ་པ། ཁྲོམ་རའི་སྒྲིག་རིམ་ལ་ཟིང་སློང་བྱེད་པ་བཅས་གཤམ་ལས་གཅིག་ཡོད་པར་ཁྲིམས་དང་མི་མཐུན་པའི་ཚོང་གཉེར་གྱི་ཁྲིམས་སུ་བརྩི་བ་དང་གནས་ཚུལ་ཚབས་ཆེན་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔའི་དུམ་ཚན་བཞི་པ་ལས་གཏན་འབེབས་ལྟར། ཁྲིམས་དང་མི་མཐུན་པའི་ཚོང་གཉེར་གྱི་ཉེས་གཞི་ལྟར་ཐག་གཅོད་དགོས། གནས་ཚུལ་ཚབས་ཆེན་ལ།ལོ་ལྔ་མན་གྱི་དུས་བཀག་བཙོན་བཅུག་དང་བཙོན་ཉར་ལས་སྐུལ་བྱ་རྒྱུ་ཡིན་པར་མ་ཟད་ཁྲིམས་འགལ་གྱི་ཡོང་འབབ་ལས་ལྡབ་གཅིག་ཡན་དང་ལྔ་མན་གྱི་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན། ལོ་ལྔ་ཡན་གྱི་དུས་བཀག་བཙོན་བཅུག་བྱེད་པས་མ་ཚད་ཁྲིམས་འགལ་གྱི་ཡོང་འབབ་ལས་ལྡབ་གཅིག་ཡན་དང་ལྔ་མན་གྱིས་དངུལ་ཆད་གཅོད་པ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་ཆོག 
མི་སྒེར་གྱི་ཁྲིམས་འགལ་ཚོང་གཉེར་གྱི་ཚད་ཁྲི་ལྔ་ཡན་དང་ཡང་ན་ཁྲིམས་འགལ་ཡོང་འབབ་ཁྲི་གཉིས་ཡིན། སྡེ་ཁག་གི་ཁྲིམས་འགལ་ཚོང་གཉེར་གྱི་ཚད་ཁྲི་ལྔ་ཡན་དང་ཡང་ན་ཁྲིམས་འགལ་གྱི་ཡོང་འབབ་ཁྲི་ལྔ་ཡན་ཡིན།  
    དོན་ཚན་གོང་མའི་གཏན་འབེབ་ལག་བསྟར་བྱ་སྤྱོད་ཀྱི་ཚད་དོན་ཚན་གོང་མའི་གཏན་འབེབ་ཀྱི་ཁྲི་ལྔ་ཡན་ཆད་ལ་ཐོན་པར། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་ལས་གཏན་འབེབ་ལྟར་གནས་ཚུལ་ཧ་ཅང་ཚབས་ཆེན་དུ་བརྩི་རྒྱུ། 
མི་གཞན་གྱི་དྲ་ལམ་སྤྱད་ནས་ནག་ཉེས་ལག་བསྟར་དང་བསྙད་འཚོལ་ཟིང་སློང་། བསྙད་འདོགས་རྒྱུ་འཕྲོག་ཁྲིམས་འགལ་ཚོང་གཉེར་བཅས་ཀྱི་ཉེས་པ་དེ་མ་དངུལ་སྦྱིན་པ་དང་ས་གནས། ལག་རྩལ་རྒྱབ་སྐྱོར་གྱི་རོགས་སྐྱོར་བྱེད་པའི་ཉེས་པ་དང་འདྲ།  དྲ་ལམ་སྤྱད་ནས་ནག་ཉེས་ལག་བསྟར་དང་བསྙད་འཚོལ་ཟིང་སློང་། བསྙད་འདོགས་རྒྱུ་འཕྲོག་ཁྲིམས་འགལ་ཚོང་གཉེར་དེ་ཚོ་ད་དུང་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་གཅིག་ལས་གཏན་འབེབས་བྱས་པའི་ཚོང་ལས་མཚན་སྙན་གནནོད་འཚེ་དང་ཚོང་ཟོག་གི་མཚན་སྙན་གནོད་འཚེ་གཏོང་བའི་ཉེས་པར་བརྩི་ངེས། དོན་ཚན་ཉིས་བརྒྱད་ལས་གཏན་འབེབ་བྱས་པའི་བཙན་ཤེད་ཀྱིས་བཀག་འགོག་བཅའ་ཁྲིམས་ལག་བསྟར་གྱི་ཉེས་པར་བརྩི། དོན་ཚན་ཉིས་བརྒྱ་གོ་གཅིག་ལས་གཏན་འབེབ་ལྟར་རྫུན་བཟོ་འཛིགས་སྐུལ་བརྡ་འཕྲིན་སྒྲིག་བཟོ་དང་ཁྱབ་སྤེལ་ཉེས་པ་སོགས་ཉེས་པ་དེ་དག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།  
        གོང་གི་གསལ་བཤད་བྱས་པའི་དྲ་ལམ་ཆ་འཕྲིན་ནང་དུ་རྩིས་འཕྲུལ་དང་བརྙན་འཕྲིན། གདན་འཇོག་ཁ་པར། ལག་འཁྱེར་ཁ་པར་སོགས་གློག་གི་སྒྲིག་ཆས་དྲ་ལམ་དང་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། གདན་འཇོག་འཕྲིན་སྐྱེལ་དྲ་ལམ། ལག་འཁྱེར་འཕྲིན་སྐྱེལ་དྲ་ལམ། ད་དུང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་དྲ་ལམ་ཚང་མ་འདུས་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1