འདམ་གཞུང་རྫོང་སློབ་འབྲིང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



        འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་ཅིང་།   ངག་རྒྱུན་དུ“བོད་བྱང་ཐང་གི་མུ་ཏིག”དང“ལྷ་སའི་བྱང་སྒོ་ཆེན་མོ”སོགས་ཀྱི་མཚན་སྙན་ཡོད་པར་མ་ཟད།  ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་འབྲོག་ལས་གཅིག་པུ་གཉེར་བའི་རྫོང་ཞིག་ཀྱང་ཡིན།   རྫོང་ཡོངས་ཀྱི་ས་བབས་མཐོ་ཚད་ལ་སྨི4300ཡོད་ལ།  རྫོང་ཁོངས་སུ་སྲིད་པའི་གངས་རྒན་རི་བོ་གཉན་ཆེན་ཐང་ལྷ་དང་།    གནམ་མཚོ་ཕྱུག་མོ།   ཡངས་པ་ཅན་ཆུ་ཚན་སོགས་རང་བྱུང་གི་སྣོད་བཅུད་བཀོད་པ་ཤིན་ཏུ་ལེགས།  རྫོང་སློབ་འབྲིང་ནི་སྤྱི་ལོ1986ལོར་བཙུགས་ཤིང་།    སློབ་གྲྭ་འདིའི་གཞི་རྩའི་འཛུགས་སྐྲུན་དང་སློབ་གསོ་ཆ་རྐྱེན་ནི་དམའ་རིམ་སློབ་འབྲིང་ཡིན།སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ120000ཡོད་པ་དང་། འཛུགས་བསྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ29642.96ཡོད། དགེ་བཟོ་པ་ཁྱོན་བསྡོམས157ཡོད་པ་དང་། ཆེད་ལས་དགེ་རྒན127ཡོད། ལོ་རིམ་རེ་རེར་འཛིན་གྲྭ12ཡོད་པ་དང་ཁྱོན་འཛིན་གྲྭ36དང་།   སློབ་མ1978ཡོད།     2004ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཀྱི“ལོ་དགུའི་འོས་འགན་སློབ་གསོ”རྩིས་ལེན་ཐུབ་པ་བྱུང་དང་།    2010ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས“ལོ་དགུའི་འོས་འགན་སློབ་གསོ”རྩིས་བཤེར་ཐུབ་པ་བྱུང་། སློབ་འབྲིང་འདི་ནི་ལྗོངས་ཡོངས་ཀྱི་འབྲོག་ཁུལ་སློབ་འབྲིང་ལས“ལོ་དགུའི་འོས་འགན་སློབ་གསོ”ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པས་རྩིས་བཤེར་ཐུབ་པའི་སློབ་གྲྭ་ཐོག་མར་གྱུར། དུས་ད་ལྟ་སློབ་གཙོ་རྒན་ལྷ་བུ་ལགས་ཀྱི་སྣེ་ཁྲིད་འོག་སློབ་གྲྭའི་བྱ་གཞག་ཐམས་ཅད་སྔར་ལས་འཕེལ་རྒྱས་དང་གོང་འཕེལ་གྱི་ལམ་བུ་གསར་པ་ཞིག་འཚོལ་སྙེག་གི་ལས་སུ་འཇུག་བཞིན་ཡོད། 
  
 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1