༄༅།། ཁ་པར་ལ་བལྟས་ཀྱང་མིག་ཤེད་དེ་ཙམ་མི་ཉམས་པའི་ཐབས་ཤེས།

རིག་གནས་ཀུན་བཏུས་དྲ་བ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-09


         ད་ཆ་སྐད་འཕྲིན་འདི་མི་རྣམས་ཀྱི་འཚོ་བའི་ནང་དགའ་ཉེ་ཕན་ཚུན་འབྲེལ་བ་དང་། གསར་འགྱུར་རྟོགས་པ། ཆ་འཕྲིན་བརྒྱུད་གཏོང་བྱེད་པ་བཅས་སུ་མེད་དུ་མི་རུང་བའི་ལག་ཆ་ཞིག་ཏུ་གྱུར་ཡོད་མོད། ཡིན་ནའང་ལག་ཐོགས་ཁ་པར་ཐོག་གི་སྐད་འཕྲིན་གྱི་ཡིག་འབྲུ་ཆུང་བའི་རྩོམ་ལ་ལྟ་ཡུན་རིང་ན་མིག་ལ་གནོད་རྒྱུ་སྨོས་མེད་རེད། 
         མིག་ནད་ཚན་ཁག་གི་སྨན་པས་དྲན་སྐུལ་བྱས་དོན་ལ། རྣམ་ཀུན་མི་རྣམས་གློག་ཀླད་སྤྱོད་སྐབས་ཆུ་ཚོད་གཅིག་རེར་མིག་ངལ་གསོ་རྒྱག་དགོས་པ་དང་། ལག་ཐོགས་ཁ་པར་ཐོག་ནས་ཆ་འཕྲིན་ལྟ་བའམ་ཡང་ན་རོལ་རྩེད་རྩེ་སྐབས། ཡག་ཤོས་བྱུང་ན་སྐར་མ་30རེ་ཐོག་མིག་ངལ་གསོ་སྐར་མ་5རྒྱག་པ་དང་། མིག་གཉིས་ཀྱིས་རྒྱང་རིང་ཡུལ་ལྗོངས་ལ་བལྟ་དགོས། 
        གཞན་ཡང་སྐད་འཕྲིན་ལ་ལྟ་སྐབས་མིག་ལ་སྲུང་སྐྱོང་ཡོང་བའི་ཐབས་ཤིག་ཡོད་པ་སྟེ། སྤྱིར་ན་ཁ་པར་གྱི་རྒྱབ་ལྗོངས་དཀར་པོ་མིག་ལ་གནོད་ཤོས་ཡིན་པས། སྐད་འཕྲིན་ཐོག་གི་རྒྱབ་ལྗོངས་ལ་བརྗེ་སྒྱུར་བྱས་ན་འགྲིག ཞིབ་ཕྲའི་བྱེད་རྩོལ་ནི། སྐད་འཕྲིན་ངོས་དང་པོའི་གཤམ་གྱི“ང”མནན་ནས་རིམ་བཞིན་བཀོལ་སྤྱོད་འདི་ལྟར་བྱེད་དགོས། “我→设置→通用→聊天背景→选择聊天背景”དེ་ནས་གླེང་མོལ་རྒྱབ་ལྗོངས་ནང་ནས་རྒྱབ་ལྗོངས་ཚོས་གཞི་ལྗང་ཁུ་ཞིག་བདམས་ན་མིག་ལ་སྲུང་སྐྱོབ་ཅི་རིགས་བྱེད་ཐུབ་བོ།། 
              རྩོམ་འདི་རིག་གནས་ཀུན་བཏུས་འཕྲིན་སྟེགས་ལས་བཤུས་པ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1