༄༅།། འདོད་པའི་འཁུན་སྒྲ།

སྦྲ་སྲས་གངས་བུ་འཛུམ་གྲོལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཐུབ་བྷོད་དྲི་བ་ཀུན་འདུས་དྲ་བ། སྤེལ་དུས། 10-12


ལུས་ལ་མེ་ཏོག་པད་མའི་དྲི་ཞིམ་ཅན།།
དུང་སེམས་བདུད་རྩིས་ཡིད་ལ་དགའ་བའི་བདེ།།
འདོད་པའི་མེ་ལྕེ་འབར་བའི་ཆགས་སྡང་མ།།
འདོད་པའི་གཡའ་ཆུ་རླབས་འཕྲེང་བཞུར་བར་རྒྱན།།

འཛུམ་དྲུག་འདབ་མ་གྲོལ་བའི་འཇོ་སྒེག་མ།།
གདོང་ལ་དམར་མདངས་རྒྱས་པའི་འདོད་ལྡན་མ།།
ཡིད་ཀྱི་ན་ཟུག་སེལ་བའི་འདོད་པའི་ལྷ།།
ཆགས་སྡང་མེ་ལྕེ་འབར་བའི་སྙིང་གི་གཏམ།།

ལུས་སྟོབས་འཇམ་ཤ་ལང་ཚོའི་ཉ་གང་ཟླ།།
ཆགས་སྡང་འདོད་པའི་པད་མའི་རང་མདངས་ཅན།།
འགྲམ་པའི་མཁུར་ཚོས་ཐིག་ལེའི་འཛུམ་བག་རྒོད།།
ནུ་འབུར་འགྲེངས་བའི་ཡིད་ཀྱི་སྡུག་གུ་མ།།

འདོད་པའི་ལྷ་མོ་ཆགས་སྡང་མེ་ལྕེ་འབར།།
ལུས་ཀྱི་འབྱུང་ཁམས་ན་ཟུག་བཟི་བར་ཡི།།
རྒོད་པའི་གཟི་བྱིན་མཇེ་ཡི་འཁྱུག་ལམ་ལས།།
རང་སྣང་སྐྱིད་པའི་སྐད་ཅིག་བདེ་བར་འགྱུར།།

ཤེས་རབ་འདོད་པའི་འཁྲིག་སྦྱོར་ན་ཆུང་མ།།
ངག་གི་སྒོ་བརྒྱ་འབྱེད་པའི་རོལ་མོའི་སྒྲ།
མགྲིན་པའི་འགྱུར་ཁུག་འཁྱིལ་པའི་དབྱངས་ལྡན་མ།།
ཕངས་མེད་འདོད་པའི་རུམ་ཁར་གཉིད་དུ་ཡུར།།

འདོད་པའི་ཡོན་ཏན་གསེར་གྱི་འཁོར་ལོ་ཅན།།
ཆགས་སྡང་མེ་ལྕེ་གཡས་འཁྱིལ་དུང་གི་སྒྲ།
འཁྲིག་སྦྱོར་མུ་ཏིག་འོད་ཀྱི་ཕྲེང་བར་རྒྱན།།
འདོད་པའི་ལྷ་མོ་འདོད་པའི་འོད་ཐིག་ཉིད།།

སྙིང་གི་ཟེའུ་འབྲུ་རིན་ཆེན་འབྱུང་གནས་དང་།།
འོ་མའི་ཆུ་གཏེར་དབུས་ཀྱི་གསང་ལམ་ལས།།
འདོད་པའི་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཡིས།།
ཤ་དང་རུས་གསེང་འདོད་པའི་འཁུན་སྒྲ་འབྱིན།།

འདབ་སྟོང་བཅུད་ཀྱི་མྱོས་པའི་དགའ་ཚལ་ལས།།
སྙིང་ནས་མི་བཟོད་འདོད་པའི་ནུ་འབུར་ཟུང་།།
དུང་སེམས་བརྩེ་བ་འཁུན་སྒྲའི་དབྱངས་རྟ་འཁྱིལ།།
སྙིང་ལ་གཟན་པའི་སྤྱོན་ལམ་མཚན་མ་ཉིད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1