༄༅༅།། སྟོན་དགུན་གྱི་དུས་ཚིགས་ནང་རྐང་པ་བཀྲུ་ནས་སྦང་དུས་ཤེས་དགོས་པ་འགའ།

བློ་བཟང་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-19



    ཐོག་མར་རྐང་པ་བཀྲུ་རྒྱུ་ནི་མི་དར་མ་དང་རྒན་རྒོན་ཚོ་ཁོ་ནས་བྱེད་རྒྱུ་ཞིག་མ་ཡིན་པར་ན་གཞོན་མང་པོ་དང་།  ཐ་ན་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་ཀྱང་དགོང་མོ་མ་གཉིད་གོང་ལ་རྐང་པ་འཁྲུད་ཆོག་པ་རེད།
    རྐང་པ་གང་དགར་བཀྲུས་པ་ཙམ་གྱིས་མི་ཆོག་སྟེ།  སྐར་མ་བཅོ་ལྔ་ཡས་མས་ལ་བཀྲུ་དགོས་པ་དང་།  དེ་ལྟར་བྱས་ན་ངལ་དུབ་སེལ་བ་དང་བདེ་སྲུང་གི་ནུས་པ་ཐོན་པ་ཡིན།  སྤྱིར་བཤད་ན།  ཆུའི་དྲོད་ཚད་དམའ་དྲགས་མི་རུང་། 40℃ཡས་མས་དང་རྐང་པ་ཐོག་མར་བཀྲུ་དུས་ཅུང་ཙམ་ཚ་ན་འཚམ།  རྐང་པ་བཀྲུ་ཞོར་ལག་པ་གཉིས་ཀྱིས་རྐང་པའི་ཚིགས་སོ་སོ་མནན་ན་ཕན་ཐོགས་ཤིན་ཏུ་ཆེ།  ཡང་གཟུགས་གཞི་མི་འདྲ་བར་གཞིགས་ནས་རྐང་པ་ཐོག་མར་བཀྲུ་དུས་ཆུའི་དྲོད་ཚད་ཅུང་དམའ་བ་བྱེད་པ་དང་།  དེ་ནས་རིམ་བཞིན་ཆུ་ཚ་མོ་བསྣན་ན་ཡང་ཕན།    
    གལ་ཏེ་ཆ་རྐྱེན་འཛོམས་ན། གཏིང་ཟབ་མོ་དང་རྒྱ་ཁྱོན་ཅུང་ཆེ་པ་ཡོད་པའི་ཤིང་གི་ཟོ་ཡོད་ན་གདམ་ཁ་ཡག་ཤོས་ཤིག་རེད།  རྐང་པ་བཀྲུ་པའི་དུས་ནུས་ཚོད་ཀྱིས་དཔེ་ཆ་དང་བརྙན་འཕྲིན་ལ་མ་བལྟས་ན་བཟང་བ་དང་། དེ་ལྟར་བྱས་ན་ལུས་ཕུང་ལ་གནོད་པ་ཆེ་ཞིང་།  རྐང་བ་བཀྲུ་བའི་དམིགས་ཡུལ་ལ་ཡང་སླེབས་མི་ཐུབ།  
    རྐང་པ་བཀྲུ་པའི་དུས་ཚོད་ལ་ཡང་མཐོང་ཆེན་བྱ་དགོས།  རྐང་པ་བཀྲུ་བའི་དུས་ཚོད་ནི་ཕྱི་དྲོའི་ནུས་ཟས་དང་དགོང་མོ་མ་ཉལ་བའི་སྔོན་ཡིན་ཀྱང་ཆོག   སྤྱིར་བཏང་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་རྐང་པ་མ་བཀྲུས་ན་བཟང་། དེ་ལྟར་བྱས་ན་ཕོ་ཁའི་ཁྲག་གི་མཁོ་སྤྲོད་ལ་ཤུགས་རྐྱེན་ཐེབས་སྲིད།   ཡུན་རིང་དུ་དེ་ལྟར་བྱས་ན་མིའི་འཚོ་བཅུད་མི་འདང་བ་རེད།
    གལ་ཏེ་བུད་མེད་ཀྱི་ཟླ་མཚན་འབབ་དུས་གང་འདོད་དུ་ཀྲུང་ལུགས་སྨན་རྫས་ཀྱིས་རྐང་པ་མ་བཀྲུས་ན་བཟང་ཞིང་། ན་ཟུག་རྒྱག་པ་སོགས་ཀྱི་གནས་ཚུལ་ཡོང་བ་བྱེད་པ་རེད།
    རྐང་བ་བཀྲུ་རྒྱུ་མི་འཚམ་པའི་མི་གང་དག་ཡོད།
    1、སྙིང་ཁམས་དང་ཀླད་པའི་ཁྲག་རྩའི་ནད་དང་ཁྲག་ཤེད་རླབས་འགུལ་ཡོད་པའི་མི་ཚོགས།  ལྷག་པར་དུ་ཁྲག་ཤེད་དམའ་པའི་ནད་པར་ཡོན་འགྱེལ་འབྱུང་སླ།
    2、གཅིག་སྙི་ཟགས་ཁུའི་ནད་ཕོག་མཁན་ལ་ལུས་སྨད་ཀྱི་ཁྲག་མཁོ་སྤྲོད་བྱེད་ཚད་མི་འདང་བའི་ནད་འབྱུང་སླ། གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ཚོས་རྐང་པ་བཀྲུ་དུས་ཆུའི་དྲོད་ཚད་40℃གཡས་གཡོན་དང་སྐར་མ་15ཙམ་ཡིན་ན་བཟང་།
    3、མངལ་ཆགས་པ་དང་ཟླ་མཚན་སྐབས་ཀྱི་སྐྱེས་མས་ཆུ་གཙང་མས་རྐང་པ་བཀྲུ་བ་དང་།  ལྷག་པར་དུ་སྦྲུམ་མས་རྐང་པ་སྦང་ཡུན་རིང་ན་མངལ་ནང་གི་བྱིས་པར་མི་བཟང་།
    4、ཁྲག་སྐྱུག་པ་དང་ཀླད་པའི་ཁྲག་རྡོལ་ཡོད་པ།ཕོ་ཁའི་ཁྲག་རྡོལ་ཡོད་མཁན་ཚོས་རྐང་པ་བཀྲུ་བའི་དུས་ཚོད་རིང་དྲགས་མི་རུང་ཞིང་།  རྐང་མཐིལ་ལ་འཕུར་མཉེད་སོགས་མ་བྱེད།

    5、མཁལ་ནུས་ཉམས་པ་དང་སྙིང་ཤུགས་ཉམས་པ། སྙིང་རྩ་འགག་པ་དང་མཆིན་ནུས་ཞན་པ་སོགས་ཀྱི་ནད་པས་རྐང་པ་བཀྲུས་ནས་མ་སྦང་ན་བཟང་བར་འདོད་པ་རེད།

             2016ལོའི་ཟླ་10པའི་ཚེས་14ཉིན་གྱི 《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1