ཞིང་ཆེན་ཡོངས་ཀྱི་གསར་སྐྲུན་བཅོས་སྒྱུར་གྱི་ཚོད་ལྟ་ལས་ཀའི་འགོ་ཁྲིད་ཚན་ཆུང་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ེཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-25


        ཉེ་ཆར། ཞིང་ཆེན་གྱི་ཁྱོན་ཡོངས་ནས་གསར་སྐྲུན་བཅོས་བསྒྱུར་གྱི་ཚོད་ལྟ་ལས་ཀའི་འགོ་ཁྲིད་ཚན་ཆུང་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་དེ་ཁྲེན་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འགོ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་དབྱི་ལི་གྲོས་ཚོགས་ཐོག་དུ་བཞུགས།
        ཝང་ཏུང་མིང་གིས་གསུང་བཤད་གནང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་རང་འགུལ་ངང་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་ཇེ་བརྟན་དུ་བཏང་ཐོག རྩིས་ཐོ་དགུ་ལ་མཐོང་ཆེན་ཚད་མཐོན་པོ་གནང་ནས། ལས་ཀར་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་དང་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཧུར་ཐག་གིས་རྣམ་གྲངས་སོ་སོའི་བཅོས་སྒྱུར་ཁག་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏང་དགོས་སྟེ། གཅིག་ནས་ཕྱོགས་བསྡུས་བཅོས་སྒྱུར་གྱི་ནང་དོན་ཁག་དོན་འཁྱོལ་ཡོང་བར་བྱེད་པ།  གཉིས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བཅོས་སྒྱུར་གྱི་ཚོད་ལྟའི་ནང་དོན་ཁག་དོན་འཁྱོལ་བྱེད་པ། གསུམ་ནས་ལག་རྩལ་སྐོར་གྱི་ལས་ཀ་ཁག་དོན་འཁྱོལ་བྱེད་པ། བཞི་ནས་གྲུབ་འབྲས་རིམ་འགྱུར་ཡོང་བར་བྱེད་པའི་བྱ་བ་སོ་སོ་དོན་འཁྱོལ་བྱེད་པ། ལྔ་ནས་རྣམ་གྲངས་གལ་ཆེན་ཁག་དོན་འཁྱོལ་བྱེད་པ། དྲུག་ནས་ཚན་རྩལ་གྱིས་གསར་སྐྲུན་བྱེད་པའི་སྟེགས་བུ་འཛུགས་སྐྲུན་དང་དོན་འཁྱོལ་ཡོང་བར་བྱེད་པ། བདུན་ནས་གསར་སྤེལ་ས་ཁུལ་གྱི་གསོག་འཇོག་རྩིས་ཐོ་དོན་འཁྱོལ་བྱེད་པ། བརྒྱད་ནས་དངུལ་རྩིའི་འབྲེལ་མཐུད་རྩིས་ཁྲ་དོན་འཁྱོལ་བྱེད་པ། དགུ་ནས་གཞི་འཛིན་ཆོག་པ་དང་ཁྱབ་སྤེལ་བྱེད་ཆོག་པའི་ཉམས་མྱོང་ཁག་དོན་འཁྱོལ་བྱེད་པ།བཅུ་ནས་སྔ་མོ་ནས་སང་ལོའི་གསར་སྐྲུན་བཅོས་བསྒྱུར་བྱེད་པའི་ཚོད་ལྟའི་ལས་ཀ་འཆར་འགོད་བྱེད་དགོས་ཞེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1