རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་བཙོག་འགྱུར་འགོ་ཁུངས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཉིས་པ་བྱེད་པའི་སྐོར་གྱི་བརྡ་ཐོ།》དཔར་ནས་བཀྲམ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-27


        སྤྱི་ཟླ་10པའི་ཚེས་26ཉིན། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་བཙོག་འགྱུར་འགོ་ཁུངས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཉིས་པ་བྱེད་པའི་སྐོར་གྱི་བརྡ་ཐོ།》དཔར་ནས་བཀྲམ་ཏེ། 2017ལོར་རྒྱལ་ཡོངས་ཀྱི་བཙོག་འགྱུར་འགོ་ཁུངས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཉིས་པ་བྱེད་རྒྱུའི་ཐག་བཅད། 
        《རྒྱལ་ཡོངས་ཀྱི་བཙོག་འགྱུར་འགོ་ཁུངས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཉིས་པ་བྱེད་པའི་སྐོར་གྱི་བརྡ་ཐོ།》ལས་རྒྱལ་ཡོངས་བཙོག་འགྱུར་འགོ་ཁུངས་ཀྱི་ཞིབ་བཤེར་ནི་གལ་ཆེ་བའི་རྒྱལ་ཁབ་གནས་ཚུལ་གྱི་རྟོག་ཞིབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞི་རང་བཞིན་གྱི་ལས་ཀ་ཡིན་པ་རེད། ཞིབ་བཤེར་གྱི་དུས་ཚོད་ནི་2017ལོའི་སྤྱི་ཟླ་12པའི་ཚེས་31དང་ཞིབ་བཤེར་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་བཙོག་འགྱུར་འགོ་ཁུངས་ཡོད་པའི་ལས་ཁུངས་དང་སྒེར་གཉེར་ཁྱིམ་ཚང་ཡིན་ཞེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1