༄༅།། ཁྱེད་ཀྱིས་གད་མོ་སློང་བའི་བདག་པོ་ཆར་ལེ་ཆབ་ལེན་ངོ་ཤེས་སམ།

ཝ་ཤུལ་ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-31


        ཁོང་གི་མཚན་ལ་(ཆར་ལེ་ཆབ་ལེན་ Charlie  Chaplin) ཟེར་ཞིང་། སྤྱི་ལོ1889ལོའི་ཟླ4པའི་ཚེས16ཉིན་དབྱིན་ཇིའི་ཡུལ་དུ་སྐྱེས། ཆུང་དུས་ནས་ཕ་མ་གཉིས་ཁ་ཁར་སོང་བ་དང་རྗེས་སུ་ཨ་མར་ན་ཚ་ཕོག་པ་སོགས་རྒྱུ་རྐྱེན་གང་མང་ཅིག་གི་སྟབས་ཀྱིས་ཁོང་གིས་གཞན་ལ་ཁ་ཟས་སློང་མྱོང་ཡོད་ལ་སྲང་ལམ་དུའང་ཉལ་མྱོང་ཡོད། ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་རང་ལོ་བདུན་གྱི་སྟེང་བཟོ་གྲྭ་སོགས་སུ་ལས་ཀ་བྱེད་དུ་སོང་མྱོང་བ་དང་རྗེས་སུ་དབུལ་སྐྱོར་སློབ་གྲྭ་འགའི་ནང་དུ་སོང་ཡང་མཐར་རང་ལོ་དགུའི་ཐོག་ཏམ་རྒྱུད་འཁྲབ་པའི་འགོ་བརྩམས། དེ་ནས་བཟུང་ཁོང་ནི་འཛམ་གླིང་སྟེང་མིང་དུ་གྲགས་པའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་སོགས་གནང་། ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ནི་རྒྱུན་དུ་རང་གིས་བརྩམས་པའི་འཁྲབ་གཞུང་དང་གཙོ་འཁྲབ་བྱས་པའི་གློག་བརྙན་དག་གི་ནང་དུ་ཁོ་རང་མི་དབུལ་བོ་དང་མདོག་ཉེས་པོ་སོགས་འཁྲབ་རྒྱུ་དང་ད་དུང་ཁོང་གི་གློག་བརྙན་མང་ཆེ་བ་སྐད་མེད་པ་རྐྱང་རྐྱང་ཡིན། དེ་ལྟར་སྤྱི་ལོ1977ལོའི་ཟླ12པའི་ཚེས་25ཉིན་ཚེ་ལས་འདས། གང་ལྟར་ད་སྐབས་ཁོང་ཉིད་སྐུ་གཤེགས་ནས་མི་ལོ་བཞི་བཅུ་འགོར་ལ་ཉེ་ཡང་ཁོང་གིས་འཁྲབ་པའི་གློག་བརྙན་མཐའ་དག་ནི་རྒྱལ་ཁབ་དང་མི་རིགས། སྐད་རིགས་སོགས་ཀྱི་དབྱེ་བ་མེད་པར་འཛམ་གླིང་གི་མི་རྣམས་ཀྱིས་སྔར་བཞིན་དགའ་བསུ་བྱེད་དང་བྱེད་བཞིན་ཡོད་དོ། །(ཝ་ཤུལ་ཚེ་བརྟན་སྒྲོལ་མས་བསྒྱུར།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1