༄༅།། གསལ་བ།

རྫ་སྐྱེས་ཕུར་བ། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 11-02



ཉི་འོད་གྱིས་ནི་སེམས་ཉིད་གསལ། །
སེམས་ཉིད་སྣང་བའི་ལྗོན་པར་གསལ། །
ལྗོན་པའི་སྟེང་གི་རྡུལ་རྣམས་ལ། །
ལས་ཀྱིས་གནང་བའི་རྨི་ལམ་གསལ། །
དེ་ལྟར་གཅིག་ལ་གཅིག་གསལ་བས། །
ཁྱོད་ཀྱི་གཟུགས་དང་གྲིབ་མ་གསལ། །
གྲིབ་མའི་དབྱིབས་དང་ཁ་དོག་ལ། །
རྟེན་འབྲེལ་སྣག་བུམ་སླར་ཡང་གསལ། །
སྣག་བུམ་ཁ་ཡི་གེ་སར་དག །
ཇི་ལྟར་བཞད་དམ་སོམ་ཉི་འོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1