༄༅།། འཚོ་བའི་ཁྲོད་དུ་སྣང་ཆུང་བྱས་པའི་གོམས་གཤིས་ཆེ་གྲས་བཅུ་ནི་རང་སྲོག་ལེན་པ་དང་མཚུངས།

བློ་བཟང་མཚོ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-07


    འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་རང་སྲོག་བཅད་པ་སྔོན་འགོག་བྱེད་པའི་སྙན་ཞུ་ཐོག་མ་སྟེ་རང་སྲོག་གཅོད་པ་སྔོན་འགོག་བྱ་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་བཀོད་ཡོད།  སྙན་ཞུའི་ནང་འཛམ་གླིང་ཡོངས་སུ་ལོ་རེ་ལ་མི་ཁྲི་80ལྷག་ནི་རང་སྲོག་བཅད་ནས་ཤི་བ་དང་ཕལ་ཆེར་སྐར་ཆ་40ནང་མི་རེ་རེ་ཤི་བས་གསལ་པོར་མཚོན་པ་རེད།
    བསམ་པའི་རྒྱུ་རྐྱེན་ནམ་ནད་ཀྱི་རྒྱུ་རྐྱེན་གི་དབང་གིས་བྱུང་བའི་རང་སྲོག་གཅོད་པ་དང་བསྡུར་ན།  འཚོ་བའི་ཁྲོད་དུ་མི་མང་ཤོས་ཀྱིས་མཐོང་དཀའ་བའི་རང་སྲོག་གཅོད་པའི་ཉེན་ཁ་ལ་སྣང་ཆུང་བྱས་ཡོད།  གཤམ་ཀྱི་བྱ་བ་བཅུ་བོ་ནི་གལ་ཏེ་ཁྱོད་ཀྱིས་ལས་མྱོང་ན།  ཕལ་ཆེར་ནི་རང་སྲོག་བཅད་པ་དང་ཁྱད་མེད།  གལ་ཏེ་ཁྱོད་ཀྱིས་རང་ཉིད་སྐྱོབ་བསམ་ན།  མྱུར་དུ་འདི་ལ་གཟིགས་པར་འཚལ། གོམས་གཤིས་ཆེ་གྲས་བཅུ་ནི་རང་སྲོག་ལེན་པ་དང་མཚུངས།
གཅིག  ཆང་འཐུང་དུས་ངོ་དམར་པོར་གྱུར་བ་རྣམས་ཀྱིས་མཚམས་མི་ཆད་པར་འཐུང་ན་རང་སྲོག་གཅོད་པ་དང་འདྲ།
    མི་མང་པོས་རང་གིས་མི་གཞན་པར་ཕན་ཚུན་འབྲེལ་བ་བྱེད་པ་དང་ལྷན་འཛོམས་དགའ་སྟོན་བྱུང་པའི་དུས་སྐབས་ནང་ཆང་འཐུང་ན་ངོ་དམར་པོར་འགྱུར་བ་ནི་རང་ཉིད་ཧ་ཅང་ཞན་པར་བསམ་ཡོད།  འོན་ཀྱང་ནན་ཅིང་གྲོང་ཁྱེར་ཀྱི་ཀྲུང་ནུབ་གསོ་རིག་ཟུང་འབྲེལ་སྨན་ཁང་གི་སྨན་པ་དཀའ་བཅུ་པ་ཞིག་གིས་ཆང་འཐུང་ནས་ངོ་དམར་པོར་འགྱུར་བ་ནི་དོན་ངན་པ་ཞིག་མིན་པ་དང་ཁྱེད་ཀྱིས་མང་ཙམ་འཐུང་མི་རུང་བའི་དྲན་སྐུལ་གནང་ཡོད།  ཆང་འཐུང་ནས་ངོ་གདོང་དམར་པོར་འགྱུར་བའི་མིས་ཆང་འཐུང་ཐེངས་མང་བས་ཆང་བཅུད་ལ་ལོབས་པ་དང་།  ཆང་དེ་ལས་མང་བ་འཐུང་ནས་དང་ཐོག་མའི་དྲན་སྐུལ་ཡང་བརྗེད་ལ།  ལུས་པོའི་ནང་དུ་ཚོན་ཁ་པ་དེ་བས་མང་བ་བསགས་ཏེ་སྔར་ལས་ལྷག་པའི་གནོད་སྐྱོན་བཟོས་ཡོད།  ངོ་དམར་པོར་གྱུར་རུང་ད་དུང་མུ་མཐུད་དུ་འཐུང་ན་རང་སྲོག་གཅོད་པ་དང་འདྲ།
གཉིས།  མིག་ཆུ་བཟོད་བསྲན་ཆེན་པོ་བྱས་ན་རང་སྲོག་གཅོད་པ་དང་འདྲ།
    ཨ་མེ་རི་ཁའི་གསོ་རིག་ལྟེ་གནས་ཀྱི་ཆེད་ལས་མཁས་པ་ཞིག་གིས་ཞིབ་འཇུག་ལས་མིག་ཆུས་མིའི་གནོན་ཤུགས་ཞི་ལྷོད་དུ་གཏང་ཆོག་པ་ཤེས་རྟོགས་བྱུང་།  ཁོང་ཚོས་མིག་ཆུ་ལ་དབྱེ་ཞིབ་བྱས་ཏེ་མིག་ཆུས་ལུས་པོའི་ནང་སེམས་སྐྱོ་བར་བཟོ་བའི་རྫས་འགྱུར་དངོས་པོ་གཙང་སེལ་བཟོ་བ་དང་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པར་བསམ་ཡོད།  སྤྱིར་བཏང་དུ་བུད་མེད་ཀྱི་ཚེ་ཚད་ནི་སྐྱེས་པའི་ཚེ་ཚད་ལས་རིང་བའི་རྒྱུ་རྐྱེན་ནི་རང་གི་ལས་རིགས་དང་ལུས་ཁུངས།  སྐུལ་རྩི་དང་སེམས་ཁམས་བཅས་ཕྱོགས་མང་པོའི་ཆ་རྐྱེན་ཡག་པ་ལས་གཞན་ངུ་སླ་བ་དེ་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དེ་ལས་ལྡོག་སྟེ་མིག་ཆུས་བསམ་པའི་གནོན་ཤུགས་སེལ་མ་ཐུབ་ན་ལུས་ཁམས་བདེ་ཐང་ལ་ཤུགས་རྐྱེན་བཟོ་ངེས་རེད།  དེར་བརྟེན་ཆེད་ལས་མཁས་པས་མིག་ཆུ་བཟོད་བསྲན་ཆེན་པོ་བྱས་ན་རང་སྲོག་བཅད་པ་དང་འདྲ་བར་བསམ་ཡོད།
གསུམ།  ཡུན་རིང་པོ་གཉིད་དུ་ཡུར་བ་དང་མཚན་འཁྱོངས་བྱས་ན་རང་སྲོག་གཅོད་པ་དང་འདྲ།
    དབྱིན་ཇིའི་ཚན་རིག་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ཀྱིས་འཛམ་གླིང་ས་གནས་ཁག་མང་པོའི་ལོ་30ནས་50བར་གྱི་འབྲས་སྐྲན་ནད་པ་1000ལྷག་ཙམ་ལ་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི།  དེའི་ནང་དུ་མི་99.3%གྱིས་རྒྱུན་དུ་མཚན་འཁྱོངས་བྱས་ཡོད་པ་དང་སྐྱ་རེངས་ཤར་རྗེས་ངལ་གསོ་བ་རེད།
    ཞིབ་འཇུག་ཁང་འདིའི་ཀྲུང་དབྱིའི་གསོ་རིག་འབུམ་རམས་པ་དབྱང་ཞའོ་ཧུའེ་ཡིས་ཡུན་རིང་པོ་མཚན་འཁྱོངས་བྱས་ན་ལུས་ཁམས་བདེ་ཐང་དང་རྒྱུན་ལྡན་གྱི་གཉིད་ལ་གནོད་པ་མ་ཟད།  དབང་རྩའི་ལྟེ་བ་ལ་གནོད་པ་དང་གསང་རྒྱུད་ཟགས་གཤེར་ཡང་བར་ཆད་གཏོང་བ་རེད། འགོ་ནད་འགོག་པའི་ནུས་པར་ཡང་གནོད།  ལྷག་པར་དུ་འབྲས་སྐྲན་ནད་བྱུང་སླ་པོར་ཡོད།  སྤྱིར་བཏང་དུ་བཤད་ན།  མཚན་མོའི་ཆུ་ཚོད་10པའི་སྔོན་ལ་གང་ཐུབ་ཅི་ཐུབ་ཀྱིས་གཉིད་ན་ལུས་པོའི་བདེ་ཐང་ལ་ཕན་པ་དང་གལ་ཏེ་ལས་སྣོན་མི་བྱེད་ཀ་མེད་ལ་མ་ཐུག་ན་མ་གཏོགས་ཆེས་འཕྱི་ནའང་མཚན་མོའི་ཆུ་ཚོད་12ལས་བརྒལ་མི་རུང་བཅས་བསྟན་ཡོད།
བཞི།  ཤིང་ཏོག་རུལ་བ་ཟོས་ན་རང་སྲོག་གཅོད་པ་དང་འདྲ།
    གློག་རྡུལ་ཚོང་དོན་དར་ཁྱབ་བྱུང་བ་ན་ན་གཞོན་མང་ཤོས་ཀྱིས་དྲྭ་ཐོག་ནས་ཤིང་ཏོག་ཉོས་ཏེ་ཁྱིམ་ནང་གསོག་ཉར་བྱེད་པར་དགའ།  འོན་ཀྱང་ཉོས་ཡོང་བའི་ཤིང་ཏོག་ཡུན་རིང་པོ་བཞག་ན་རུལ་བ་དང་གལ་ཏེ་རུལ་བའི་ཤིང་ཏོག་ཟོས་ན་ལུས་པོའི་བདེ་ཐང་ལ་མི་ཕན།  ཤིང་ཏོག་རུལ་བས་གནོད་ཅན་དངོས་པོའི་ཕོ་རྒྱུའི་ནུས་པ་འཁྲུག་པ་བཅས་ནད་རིགས་མང་པོ་འབྱུང་བ་རེད།  དེར་བརྟེན་ཤིང་ཏོག་ཉོ་དུས་ཉུང་ཉུང་ཞིག་ཉོ་བ་དང་གསར་པོ་ཟོས་ན་ལུས་པོའི་བདེ་ཐང་དང་འཚོ་བཅུད་ལ་ཕན་པ་རེད།
ལྔ།  ཡུན་རིང་པོར་ཞོགས་ཟས་མ་ཟ་ན་རང་སྲོག་གཅོད་པ་དང་འདྲ།
    ཨ་མེ་རི་ཁའི་ཏེ་ཀྲོའུ་སློབ་ཆེན་གྱི་ཞིབ་འཇུག་མཁན་གྱིས་ཞོགས་ཟས་ལ་སྣུམ་ཉུང་ཙམ་ཟ་བ་དང་ཞོགས་པར་ལས་ཁུངས་ཀྱི་ཚོགས་འདུ་ཆེད་དང་སྔ་ལངས་མ་བྱས་པའི་རྐྱེན་གྱིས་ཞོགས་ཟས་མ་ཟོས་ན་མི་རུང་།  རྒྱུ་མཚན་ནི་ལྟོ་སྟོང་གི་སྐབས་སུ་མཁྲིས་གཤེར་གསོག་སླ་བས་རྡེའུ་སྐྲན་ནད་རྟགས་འབྱུང་སླ་བ་ཡིན།  གལ་ཏེ་ཡུན་རིང་པོར་ཞོགས་ཟས་མ་ཟོས་ན་ཕོ་བ་སྨུག་པོ་དང་རྒྱུ་ནད་སོགས་འཇུ་བྱེད་མ་ལག་གི་ནད་རིགས་མང་པོ་འབྱུང་སླ་བ་རེད།
དྲུག  ཆང་འཐུང་རྗེས་མྱུར་དུ་ལུས་པོ་བཀྲུ་བའམ་རླངས་ཁྲུས་བྱས་ན་རང་སྲོག་གཅོད་པ་དང་འདྲ།
    མི་མི་ཉུང་བ་ཞིག་ནི་ཆང་འཐུང་རྗེས་ལུས་པོ་བཀྲུ་བའམ་རླངས་ཁྲུས་བྱེད་རྒྱུར་དགའ།  ཁོང་ཚོའི་འདི་ལྟར་བྱས་ན་ར་བཟི་དྭངས་བར་ཕན་པར་བསམ་ཡོད། དོན་དངོས་སུ་འདི་ལྟར་བྱས་ན་ལུས་པོའི་བདེ་ཐང་ལ་གནོད།
བདུན།  ལྟོ་སྟོང་གི་སྐབས་སུ་ཤིང་ཏོག་ལི་ཀྲི་མང་པོ་ཟས་ན་རང་སྲོག་གཅོད་པ་དང་འདྲ།
    ཤིང་ཏོག་ལི་ཀྲི་མང་པོ་ཟོས་ན་ཁྲག་གི་མངར་རྩི་ཉུང་བའི་ནད་འབྱུང་སླ་བ་རེད།  རྒྱུ་མཚན་ནི་ཤིང་ཏོག་ལི་ཀྲིའི་ནང་ལྡན་པའི་ཀ་རའི་བཅུད་མང་ཆེ་བ་ནི་བུ་རམ་སོགས་ཀྱི་གྲུབ་ཆ་ཡིན།  ཀ་རའི་བཅུད་ལུས་ཕུང་ནང་ཁ་གསབ་ཚད་ཉུང་བའི་དུས། ཀ་རའི་བཅུད་ནི་རྒུན་མངར་ལ་འགྱུར་ཐུབ་པ་དང་མཆིན་པའི་ནང་གི་མངར་ཆའི་བསགས་ཚད་འཕར་སྣོན་རྒྱག་པ་རེད།  ཤིང་ཏོག་ལི་ཀྲི་མང་པོ་ཟོས་རྗེས་གཤེར་མའི་ཕུང་རྩི་ལ་སྐུལ་འདེད་བཏང་སྟེ་ཟགས་ཐོན་མང་པོ་བྱུང་ནས་སྐྱེ་ཕུང་གི་ཁྲག་མངར་དམའ་རུ་བཏང་ཡོད།  དུས་མཚུངས་སུ་ཀ་རའི་བཅུད་རྒུན་མངར་འགྱུར་ལོང་མེད་པ་ན་ཁྲག་མངར་མྱུར་དུ་ཁ་གསབ་བྱེད་མི་ཐུབ།  ནུས་པ་ཉིས་བརྩེགས་ཀྱི་འོག་ཏུ་ཁྲག་གི་མངར་རྩི་ཉུང་བའི་ནད་འབྱུང་རྒྱུ་རེད།
བརྒྱད།  རླངས་འཁོར་ནང་ལ་བུད་མ་ཐག་དྲོ་གྲང་སྙོམས་སྒྲིག་གི་འབྱེད་པ་ནི་རང་སྲོག་གཅོད་པ་དང་འདྲ།
    ཁ་ལོ་བ་འགའ་ཞིག་ལ་རླངས་འཁོར་མ་བསྡད་སྔོན་ལ་དྲོ་གྲང་སྙོམས་སྒྲིག་འབྱེད་པའི་གོམས་སྲོལ་ཡོད།  རླངས་འཁོར་ནང་གི་དྲོད་ཚད་དམའ་རུ་བཏང་རྗེས་ཐད་ཀར་རླངས་འཁོར་བཏང་ནས་ལམ་དུའགྲོ།  འོན་ཀྱང་སྐབས་དེར་རླངས་འཁོར་ནང་གི་དུག་ལྡན་དངོས་པོ་ཡལ་མི་ཐུབ་པར་ཚང་མ་ལུས་ཕུང་ནང་རྔུབ་པ་དང་དུས་ཡུན་རིང་བ་ན་ནད་རིགས་མང་པོ་ཐོན་ཡོང་བ་རེད།  དེར་བརྟེན་ཁ་ལོ་བ་རྣམས་རླངས་འཁོར་ནང་འཛུལ་ན་རླངས་འཁོར་གྱི་སྒེའུ་ཁུང་འབྱེད་པ་དང་རླུང་ཕྱིར་ལ་འགྲོ་དགོས་པ་རེད།  དུག་ལྡན་དངོས་པོ་སེལ་རྗེས་སུ་དྲོ་གྲང་སྙོམས་སྒྲིག་གི་ཁ་འབྱེད་ཆོག
དགུ།  མ་སྐོམ་ན་ཆུ་མི་འཐུང་བ་ནི་རང་སྲོག་གཅོད་པ་དང་འདྲ།
    སྤྱིར་བཏང་དུ་མི་མང་ཆེ་ཤོས་ཀྱིས་ཁ་སྐོམ་པ་ན་ད་གཟོད་ཆུ་འཐུང་བ་རེད།  དོན་ངོ་མར་བཤད་ན་ཆུ་འཐུང་བ་ནི་སྐོམ་སེལ་བའི་ཆེད་མ་ཡིན་པར་རྙིང་ཚབ་གསར་བརྗེ་བྱས་ནས་མིའི་ལུས་ཕུང་ནང་བསྡུ་ཐུབ་བའི་རྐྱེན་གྱིས་ཡིན།  དུས་ཡུན་རིང་པོར་ཆུ་ཆད་ན་ཁྲག་གི་འབྱར་བག་གར་པོའི་ཚད་འཕར་ནས་སྙིང་ཁམས་དང་ཀླད་པའི་ཁྲག་རྩའི་ནད་སློང་བ་རེད། དེའི་ཕྱིར་ཁ་སྐོམ་པའམ་མི་སྐོམ་དུས་ངེས་པར་དུ་སྐབས་ཐོག་ལ་ཆུ་འཐུང་དགོས།
བཅུ།  ནུབ་ཟས་འགྲངས་པོ་ཟོས་ན་རང་སྲོག་གཅོད་པ་དང་འདྲ།
    ཞོགས་ཟས་དང་གུང་ཟས་ལས་མི་འདྲ་བ་ནི། ནུབ་ཟས་ནི་ཉུང་ཙམ་ཟ་དགོས།  ཡུན་རིང་པོར་ནུབ་ཟས་ཟ་རྒྱུ་མང་དྲགས་ན་གཤེར་མའི་ཕུང་རྩི་མང་པོ་ཟགས་ཐོན་དང་གཤེར་མའི་ཕུང་རྩི་ཕྲ་ཕུང་ཉམས་པ་དང་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་སྐྱོན་བཟོས་ཡོད།  དེའི་ཕྱིར་གནད་དོན་འདི་ཚང་མ་ལ་དོ་སྣང་བྱ་དགོས་པའོ།   
《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1