༄༅།། སོ་མདོག་གིས་ཁྱེད་ཉིད་བདེ་ཐང་ཡིན་མིན་ཚོད་དཔག་བྱེད་ཐུབ་བམ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-21


        སོ་བཀྲུ་བ་ནི་ཁ་ནང་གཙང་སྦྲ་བྱེད་ཐབས་ཤིག་ཡིན་ལ། སོ་དཀར་པོར་བསྒྱུར་བའི་ནུས་ལྡན་གྱི་བྱེད་ཐབས་གཅིག་ཀྱང་ཡིན། ཡིན་ནའང་ཁྱེད་ཀྱི་སོ་མདོག་ནག་པོར་འགྱུར་རྗེས། སོ་བཀྲུ་བའི་བྱེད་ཐབས་ཁོ་ན་ལ་བརྟེན་ན་དེ་འདྲ་མི་ལེགས།  རྒྱུ་མཚན་ནི་སྐབས་ལན་རེར་སོ་མདོག་གི་འགྱུར་བ་ལས་ཁྱེད་ཀྱི་ལུས་ཕུང་བདེ་ཐང་ཡིན་མིན་གྱི་སྣང་ཚུལ་མངོན་ཐུབ། 
        གལ་ཏེ་སོའི་མདོག་རྒྱུན་ལྡན་མ་ཡིན་ན། སོ་བཀྲུ་བ་ལས་གཞན། ལུས་ཕུང་བདེ་ཐང་ཡིན་མིན་གྱི་སྐོར་ལ་ཞིབ་བཤེར་བྱས་ནས་གཞན་པའི་གསང་ནད་ཡོད་མེད་ལ་བལྟ་དགོས། 
        རྒྱུན་ལྡན་གྱི་མིའི་སོ་མདོག་དཀར་ཞིང་སྣུམ་པོ་ཡིན་པ་དང་སོ་རྩ་དམར་སྐྱ་ཡག་པོ་ཡིན་པས། གལ་ཏེ་སོ་རྩ་དང་སོ་མདོག་དེ་འགྱུར་སོང་ན་ནད་ཅིག་ཕོག་ཡོད་པའི་མངོན་རྟགས་རེད། 
        གལ་ཏེ་སོ་མདོག་རྒྱུན་ལྡན་མིན་ན། སོ་ཇེ་དཀར་དུ་གཏོང་བའི་མཛེས་བཟོ་བྱེད་པ་ལས། ད་དུང་ལུས་ཕུང་ལ་དེ་མིན་པའི་གསང་ནད་ཡོད་མེད་ལ་རྟག་དཔྱད་བྱེད་དགོས། གཤམ་ནས་ང་ཚོས་མཉམ་གཅིག་ཏུ་རྒྱུན་ལྡན་མིན་པའི་སོ་མདོག་དང་བསྟུན་ནས་ནད་རིགས་གང་དག་བྱུང་ཚུལ་སྐོར་ལ་རྒྱུས་ལོན་ཞིག་བྱ། 
    གཅིག  སོ་མདོག་སྐྱ་བོ་ཡིན་པ།
        སོ་མདོག་དཀར་པོ་ཡིན་རུང་འོད་མདངས་མེད་ན། མཁལ་ནད་དང་། ལུས་ཟུངས་ཉམ་ཐག་ཏུ་གྱུར་བའི་མངོན་ཚུལ་ཞིག་ཡིན་པ་དང་། འདི་ནི་རྒན་པ་དང་ཡང་ན་དལ་བའི་རང་བཞིན་གྱི་ནད་དང་། ཁྲག་ནད། ཟས་འཇུ་མི་ལེགས་པ། དལ་བའི་རང་བཞིན་གྱི་མཁལ་ནད་སོགས་ཡོད་པའི་མཚོན་རྟགས་ཤིག་རེད། 
      གཉིས། སོ་མདོག་སེར་པོར་གྱུར་པ།
        རྒན་པ་རྣམས་ཀྱི་སོ་མདོག་སེར་པོ་དང་མདོག་མི་ལེགས་པ་ནི། རྒྱུན་ལྡན་གྱི་ལུས་ཁམས་བདེ་ཐང་གི་མངོན་ཚུལ་ཞིག་ཡིན་མོད། ཡིན་ནའང་གལ་ཏེ་སོ་དེ་གློ་བུར་དུ་སྲན་སེར་ལྟར་མདོག་སེར་པོར་གྱུར་སོང་ན། མཁལ་ནད་ཡོད་པའི་མངོན་རྟགས་ཤིག་རེད། 
 གསུམ། སི་ཧན་སོས་ཡི་སོ།
        གལ་ཏེ་སོ་སྲུབས་དང་སོ་རྩེ་ལ་ཆད་སྐྱོན་བྱུང་བ་དང་། མདུན་སོའི་ཉེ་འགྲམ་གྱི་འགྲམ་སོ་ལ་ལྐོག་ཏུ་ཤོར་པའམ། ཡང་ན་སོའི་སྟེང་དུ་གོར་མིག་ཅན་གྱི་ཆད་སྐྱོན་བྱུང་བ་འདི་ནི་སི་ཧན་སོས་ཙུའུ་སྨན་རྫས་ཀྱིས་བསླང་བའི་སོ་རྩི་འཚར་སྐྱེས་མི་ལེགས་པ་དང་མདོག་འགྱུར་བ་ལ་སི་ཧན་སོ་ཡི་སོ་ཟེར་ཤིང་། སོ་རྩི་ཡིས་སོ་བཀྲིས་པ་ན་སྲ་མཁྲེགས་ལྡན་པ་ཞིག་ཡིན་པ་དང་། ཟ་མ་སོགས་ཟ་སྐབས་རྩུབ་བརྡར་ལ་སོགས་ལ་བཟོད་ཐུབ་པར་མ་ཟད། ཁ་མདོག་ཀྱང་ཅུང་དཀར་པོ་ཡིན་པ་རེད། 
བཞི། སོ་རྩ་སྐྱ་མདོག་ཏུ་འགྱུར་བ།
        སོ་རྩ་ནི་ཁ་སྦུག་རྩི་པགས་ཀྱི་ཁོངས་སུ་གཏོགས་པ་དང་། ཁ་མདོག་དམར་སྐྱ་དང་བཞའ་ཚན་ཆེ་བ་རེད། གལ་ཏེ་སོ་རྩའི་མདོག་ཞན་པའམ་ཁྲག་མདངས་མེད་ན། ཁྲག་གིས་མ་འདང་པ་ལས་བྱུང་བ་ཤིག་ཡིན་པས། ཁྲག་གིས་མི་འདང་བའི་ནད་དང་། ཁྲག་དཀོན་པ། དལ་བའི་རང་བཞིན་གྱི་མཆིན་ནད་སོགས་དང་དེ་མིན་པའི་དལ་བའི་རང་བཞིན་གྱི་ནད་རིགས་ལས་བསླང་བ་རེད། 

        གོང་གི་སྣང་ཚུལ་བཞི་བོ་སོ་གཙང་བཀྲུ་བྱེད་པའི་ཐབས་ཀྱིས་སྨན་བཅོས་ལེགས་བསྒྱུར་བྱེད་ཐུབ། །

        2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས། 



རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1