གནད་སྨིན་དབུལ་སྐྱོར་དང་མི་རིགས་ས་ཁུལ་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་ཝུན་ཁྲོན་ནས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-02


        ཉེ་ཆར། གནད་སྨིན་དབུལ་སྐྱོར་དང་མི་རིགས་ས་ཁུལ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་ཝུན་ཁྲོན་ནས་འཚོགས། ཞིང་ཆེན་དང་རྫོང་ཁོངས་དཔལ་འབྱོར་མཐུན་ཚོགས་ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོའི་ཆེད་མཁས་པ། དེ་མིན་དཀར་མཛེས་དང་རྔ་བ། ལའང་ཧྲན་སོགས་ཁུལ་གསུམ་ནས་ཕེབས་པའི་གྲངས་ཉུང་མི་རིགས་ཀྱི་རྫོང་དང་གྲོང་ཁྱེར་48དང་། མི་རིགས་རང་སྐྱོང་རྫོང་གསུམ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོབ་ཐང་སྤྱོད་དབང་ཡོད་པའི་རྫོང་ཁག་གསུམ་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས། ཚོགས་འདུ་ལས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཀྱི་མཐོ་ཚད་རྒྱུན་མཐུད་བྱས་ནས་མཐོ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་བྱས་པ་དང་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་དབུལ་སེལ་བྱས་རྗེས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1