༄༅།། སྦི་རག་གི་སྤྱོད་སྒོ་གཞན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-14


གཅིག བྱ་ཤ་བཙོ་སྐབས་ཚྭ་དང་ཕོ་བ་རིལ་བུ་དང་མཉམ་དུ་སྦི་རག་བླུགས་ནས་ཆུ་ཚོད་1ནས་2བར་སྦངས་རྗེས་བཙོས་ན་བྱ་དྲི་སེལ་ཐུབ།
གཉིས། ཚིལ་མང་བའི་ཤ་བཙོ་སྐབས་སྦི་རག་པེ་ཙི་གང་བླུགས་ནས་བཙོས་ན་ཞག་ཚི་སེལ་ནས་ཞིམ་པོ་ཡོད།
གསུམ། སྒོ་ང་བག་ལེབ་བཟོ་སྐབས་སྦི་རག་ཕྲན་ཙམ་བླུགས་ན་སྒོ་ང་བག་ལེབ་བཟོ་སླ་བ་མ་ཟད། ཤའི་དྲི་མ་འདྲ་པོ་ཞིག་བྲོ་བ་རེད།
བཞི། སྦི་རག་གིས་གྲང་ཚལ་བྲོ་ཞིམ་ལྡན་པ་ཞིག་བཟོ་ཐུབ། གྲང་ཚལ་བཟོ་སྐབས་གྲང་ཚལ་ནང་སྦི་རག་ཏོག་ཙམ་བླུགས་ཏེ་སྨན་སྣ་བརྒྱབ་ནས་བཟས་ན་བྲོ་བ་ཞིམ་པོ་ཆགས་པ་རེད།
ལྔ། གྲོ་ཞིབ་ནང་སྦི་རག་བླུགས་ནས་སླ་པོ་བཟོས་རྗེས་ཤ་ལེབ་མའི་ཐོག་བྱུགས་ནས་བརྔོས་ན་ཤ་མཉེན་པོ་དང་སོས་པའི་བྲོ་བ་ལྟར་ཡོང་གི་ཡོད། ལྷག་པར་དུ་བྱ་ཐབས་དེ་ཚགས་ཤ་བརྔོ་སྐབས་བེད་སྤྱད་ན་འཚམ་པོ་ཡོད།

(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1