དཀར་མཛེས་ཁུལ་གྱི་2017ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་དགོང་ཚོགས་དེ་རིང་འཚོགས་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-23



        དཀར་མཛེས་ཁུལ་གྱི་2017ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་དུས་ཆེན་གྱི་རྟེན་འབྲེལ་དགོང་ཚོགས་ཚེས་23ཉིན་ལ་དཀར་མཛེས་ཁུལ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོགས་ཁང་ཆེན་མོ་རུ་སྤེལ་རྒྱུ་རེད། ལྷན་འཛོམས་དུས་ཆེན་གྱི་རྟེན་འབྲེལ་དགོང་ཚོགས་ལེགས་པོ་ཞིག་དང་ཁྱད་ཆོས་ལྡན་པ་ཞིག་སྤེལ་ཐུབ་པའི་ཆེད་དུ། ཚེས་22ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་ཏང་ཨུའི་རྒྱུ་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་ལོ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་ཁུལ་དཔོན་གཞོན་པ་ཁྲེང་ཅིང་སོགས་འགོ་ཁྲིད་ཁག་གནས་དངོས་སུ་ཕེབས་ཏེ་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་དགོང་ཚོགས་ཀྱི་ལེ་ཚན་འཁྲབ་སྟོན་ལ་བལྟས། འཁྲབ་སྟོན་མཇུག་རྫོགས་དུས་འགོ་ཁྲིད་ཁག་གིས་བྱེད་སྒོ་གཙོ་སྒྲིག་བྱེད་མཁན་དང་བྱེད་སྒོར་ཞུགས་པའི་ལས་ཁུངས་ཁག་གི་འགན་འཁུར་པ་དང་མཉམ་དུ་དགོང་ཚོགས་ལེགས་འགྲུབ་བྱུང་ཐུབ་པའི་ཐད་ལ་བཀོད་སྒྲིག་ཞིབ་ཕྲ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1