ཞི་ཅིན་ཕིང་གིས་ཨི་ཐ་ལིའི་སྲིད་འཛིན་མ་ཐ་ལི་ལ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-23


        སྤྱི་ཟླ་2པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨི་ཐ་ལིའི་སྲིད་འཛིན་མ་ཐ་ལི་ལ་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བདུན་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་འདྲ་མཉམ་གྱི་ལྟ་འཛིན་བཟུང་བ་དང་གཉིས་ཕན་མཉམ་ལས་བྱས་པས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོར་གྱུར། དེང་སྐབས་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཤིང་། ཕྱོགས་གཉིས་ཀྱི་འཕེལ་རྒྱུས་འཐབ་ཇུས་མཐུན་ཞིང་གཉིས་ཕན་མཉམ་ལས་ཀྱི་མདུན་ལྗོངས་ཤིན་ཏུ་ལེགས། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་སོགས་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཆར་གཞི་དགོད་དགོས། ཀྲུང་གོའི་ཕྱོགས་ནས་ཨི་ཐ་ལི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ནས་མཉམ་འབྲེལ་གྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་པའི་རེ་བ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་ཀྲུང་གོ་དང་ཡོ་རོབ་གླིང་བར་དུ་ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་གསར་སྐྲུན་བྱས་ཏེ། ཞི་བདེ་དང་སྒོ་འབྱེད། བཟོད་སྒོམ། དར་རྒྱས་བཅས་ཀྱི་འཛམ་གླིང་མཉམ་སྐྲུན་བྱ་དགོས་ཞེས་བསྟན། 
        མ་ཐ་ལི་ལ་ཡིས་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་འགོ་ཁྲིད་པར་འབྲེལ་འདྲིས་དམ་པོ་བྱེད་པ་དང་། དཔལ་འབྱོར་བཟོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ་སྔར་ལས་ཕན་འབྲས་ལྡན་པའི་དཔལ་འབྱོར་བཟོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་གཏང་འདོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞི་འོག་གི་མི་ཆོས་བརྗེ་རེས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1