༄༅།། འཛམ་གླིང་འཇིག་པར་གླེང་བ་ནི་ཁུངས་མེད་ཡིན་པར་སྒྲུབ་འདུག

སྐལ་བཟང་ཐུབ་བསྟན་གྱིས་བསྒྲིགས་བསྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-23


                                         སྐལ་བཟང་ཐུབ་བསྟན་གྱིས་བསྒྲིགས་བསྒྱུར་བྱས།
        2012ལོ་ཤར་བ་དང་མཉམ་དུ་དེ་སྔོན་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱིས་དངོས་ལྐོག་གང་རུང་གིས་གླེང་ཞིང་ཀུན་ལ་རླུང་ལྟར་གྲགས་པའི་བདེན་མ་རྫུན་གྱི་སྐད་ཆ་ཞིག་སྟེ། སའི་གོ་ལ་འདིའི་ཚེ་ཚད་རྫོགས་ནས་བསྐལ་པ་འཇིག་པའི་བཤད་སྲོལ་དེ་སླར་ཡང་མི་ཚང་མས་སོལ་དལ་བག་ཕེབས་གནས་པའི་སྐབས་ཀྱི་གླེང་བྱ་ཞིག་ཏུ་གྱུར་པ་རེད། བཤད་སྲོལ་དེ་ལ་ལྟ་སྟངས་མི་འདྲ་བ་འཛིན་མཁན་མང་མོད་མདོར་བསྡུས་ན་ཡིད་ཆེས་མཁན་གྱི་རིགས་ཤིག་དང་། ཡིད་རྟོན་མི་བྱེད་པའི་རིགས་ཤིག ཐེ་ཚོམ་ཅན་གྱི་རིགས་ཤིག་བཅས་གསུམ་དུ་དབྱེ་ཆོག རིགས་དང་པོ་ནི་སེམས་ཆུང་རྨོངས་དད་ལ་དགའ་བའི་རིགས་ཏེ་ཕལ་ཆེར་ཤེས་བྱ་ཡོན་ཏན་གྱིས་དབུལ་བའི་མི་རྣམས་རེད། རིགས་གཉིས་པ་ནི་རྣམ་དཔྱོད་ཅན་གྱི་མཁས་པར་བཞེད་པའི་རིགས་ཏེ་དེང་སང་གི་ཚན་རིག་པ་དང་ཞིབ་འཇུག་པ་གཙོས་པའི་རིགས་ཡིན་ལ་དེ་དག་གིས་ད་བར་དངོས་སུམ་དང་རྗེས་དཔག་གི་རིགས་པའི་སྒྲུབ་བྱེད་ཁུངས་ལུང་དང་ལྡན་པ་ཞིག་ད་དུང་རྙེད་མེད་པས་ཡིད་རྟོན་བྱེད་མི་སྲིད་པ་རེད། རིགས་གསུམ་པ་ནི་ཆེས་མང་བའི་རིགས་ཡིན་ཏེ་གོང་གི་རིགས་གཉིས་པོའི་བར་ན་གནས་པས་ད་དུང་ཐེ་ཚོམ་གྱི་དྲ་བར་ཚུད་བཞིན་ཡོད་པ་རེད། བཤད་སྲོལ་དེས་མི་རྣམས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་ཅིང་ཐོན་སྐྱེད་དང་འཚོ་བར་གནོད་སྐྱོན་ཀྱང་མི་ཉུང་བ་ཞིག་བཟོས་པ་རེད། དེང་སང་འཛམ་གླིང་གི་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་འགན་དང་ལེན་བྱེད་པར་རློམས་པའི་ཨ་རི་རྒྱལ་ཁབ་ཀྱིས་ཚན་རྟོག་གློག་བརྙན2012ལོ་ཞེས་པ་ལ་སོགས་པ་རྣམས་ལ་ནི་ཡིད་ཆེས་འོས་པའི་ཁུངས་ལུང་མེད་པ་ཚང་མས་ཤེས་གསལ་ལྟར་རེད། ལོ་དེའི་ཚེས་21ཏུ་འཇིག་རྟེན་མ་འཇིག་ལ་ཚང་མ་བདེ་ལམ་ངང་འཚོ་བཞིན་ཡོད། འོན་ཀྱང་མཱ་ཡཱ་མི་རིགས་ཀྱི་ལོ་ཐོ་ཞེས་པར་ལུང་བསྟན་རང་བཞིན་ལྡན་པར་གྲགས་པའི་ལོ་ཐོའི་བཤད་པ་ཞིག་དར་བས་ཚང་མ་སོམ་ཉིའི་གནས་སུ་བཀོད་པས་ཡང་སྙིང་མཱ་ཡཱ་མི་རིགས་དང་དེའི་ལོ་ཐོ་སོགས་གང་འདྲ་ལྟ་བུ་ཞིག་ཡིན་པ་ལ་གསལ་བྱེད་ཅིག་བྱས་ཏེ་རྨོངས་པའི་མུན་པ་དྭངས་སུ་མི་བཅུག་ན་མི་ཕན་པས་ཆེད་བསྒྲིགས་ལེ་ཚན་འདི་བཀོད་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1