༄༅།། བདེ་ཐང་གི་དྲན་སྐུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཚེ་དཔལ། སྤེལ་དུས། 02-23


        གངས་ལྷམ་གྱོན་ཡུན་རིང་དྲག་ན་རྐང་པར་གནོད་ཚབས་ཡོད། རིག་གཅིག་མཁས་པས་གངས་ལྷམ་གྱོན་ཡུན་རིང་ན་རྐང་པའི་བཟོ་ལྟ་འགྱུར་གྱི་ཡོད་པའི་དྲན་སྐུལ་བྱས་འདུག ཉེ་དུས་གངས་ལྷམ་ལ་ཆེས་དགའ་བའི་ཞའོ་ཝུའུ་ཡི་རྐང་པའི་རྟིང་རུས་དམིགས་བསལ་གྱིས་མི་བདེ་བ་བྱུང་ཞིང་གོམ་པ་རྒྱག་སྐབས་རྐང་པ་འདེགས་འཛུགས་ཤིན་ཏུ་དཀའ་བ་དང་། གོམ་པ་གང་འཚམས་བརྒྱབ་རྗེས་རྐང་མཛུབ་ཡང་ན་བ་སོགས་ཀྱི་ནད་རྟགས་ཐོན་འཕྲལ་སྨན་པས་དྲན་སྐུལ་བྱས་དོན་ལ་གངས་ལྷམ་མང་ཆེ་བའི་བཟོ་ལྟ་ནི་མཐིལ་སྙོམས་ཤིང་གཞུ་ཡི་དབྱིབས་ཅན་མིན་སྟབས་རྐང་པ་འདེགས་འཛུགས་བྱེད་སྐབས་རྐང་པའི་ནང་གུག་ཀྱི་ལས་ནུས་ཤོར་གྱི་ཡོད་པ་མ་ཟད། གངས་ལྷམ་དེ་རིགས་ཀྱི་བཟོ་དབྱིབས་ཀྱང་མིའི་ལུས་ཀྱི་གཟུགས་བྱད་དང་མི་འཚམས་ལ་གྱོན་ཡུན་རིང་ན་ལུས་ངལ་དུབ་ཆེ་བའི་ཚོར་སྣང་ཡོང་གི་ཡོད། ལྷག་པར་ལོ་ཆུང་བྱིས་པ་ནི་འཚར་ལོངས་ཀྱི་དུས་སྐབས་ཡིན་པས་ལྷམ་དེ་རིགས་གྱོན་ཡུན་རིང་ན་བདེ་ཐང་ལ་གནོད་ཚབས་ཆེ་བའི་དྲན་སྐུལ་བྱས་འདུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1