ལི་ཁེ་ཆང་གིས་ཨི་ཐ་ལིའི་སྲིད་འཛིན་མ་ཐ་ལི་ལ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-24


          སྤྱི་ཟླ་2པའི་ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨི་ལ་ལིའི་ཙུང་ལི་མ་ཐ་ལི་ལ་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ཨི་ཐ་ལི་ནི་ཀྲུང་གོའི་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཆུ་རྒྱུན་ཤིན་ཏུ་རིང་། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད་པ་རེད། ཀྲུང་གོའི་ཕྱོགས་ནས་ཨི་ཐ་ལིའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་དང་། ཕན་ཚུན་བར་གྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་སྤེལ་བ། མི་ཆོས་བརྗེ་རེས་རྒྱ་བསྐྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས་སྔར་ལས་ལེགས་པར་གཉིས་ཕན་མཉམ་ལས་མངོན་འགྱུར་འབྱུང་བར་བྱ་འདོད་ཅེས་བསྟན། 
        མ་ཐ་ལི་ལ་ཡིས་ཨི་ཐ་ལི་དང་ཀྲུང་གོའི་བར་དུ་ཐུན་མོང་ལྟ་ཚུལ་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པར་མ་པར་མདུན་ལྗོངས་རྒྱ་ཆེན་པོ་འདུག ཨི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་དཔལ་འབྱོར་མཉམ་ལས་གསར་པའི་འཆར་འགོད་ལེགས་པོར་བཟོས་ནས་རྨང་གཞིའི་སྒྲིག་བཀོད་དང་ཚན་རྩལ། ཁོར་སྲུང་། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དེ་ཕན་ཚུན་གྱི་བཟོ་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1