༄༅།།སྐད་ཆ་མང་ཙམ་བཤད་ན་ལུས་སེམས་བདེ་བར་ཕན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མདོ་ལྷོ་དྲ་བ།   སྤེལ་དུས། 03-15


 
    དབྱིན་ཇི་རྒྱལ་ཁབ་ཀྱི་ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་པ་བརྒྱུད་རྒྱུན་དུ་གཞུང་ལས་ཁང་དུ་ལས་རོགས་ཕན་ཚུན་སྐབས་འགར་ཁ་བརྡ་བྱེད་ན་རང་སོ་སོའི་ལས་ཀའི་གནོན་ཤུགས་སེལ་བའི་ཕན་ནུས་ལྡན་ཡོད་པར་མ་ཟད། ད་དུང་ལུས་སེམས་ཀྱི་ངལ་དུབ་ཀྱང་སེལ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་ཞིབ་འཇུག་མི་སྣས་གསུངས་པར་གཞུང་ལས་ཁང་དུ་ལས་ཀ་བྱེད་པའི་སྐབས་སུ་ངེས་པར་དུ་དུས་ཚོད་ཏོག་ཙམ་བཙལ་ནས་ལས་རོགས་ཕན་ཚུན་ཁ་བརྡ་བྱེད་ན་རང་སེམས་ཀྱི་ངལ་དུབ་སེལ་བ་མ་ཟད་ཐ་ན་ལས་ཀའི་སྤུས་ཚད་ཀྱང་ཇེ་མཐོར་འགྲོ་སྲིད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1