༄༅།། འཛད་སྤྱོད་པས་རང་ཉིད་ལ་ཇི་ལྟར་སྲུང་སྐྱོང་བྱ་དགོས།

མདོ་སྡེ་རྒྱལ་དང་འབྲོང་སངས་གཉིས་ཀྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


(1)འཛད་སྤྱོད་ཀྱི་ཐོན་རྫས་ཆེས་རྩ་བའི་ནུས་པ་རྒྱུས་ལོན་བྱ་དགོས་ཤིང་། ཟས་རིགས་ཀྱི་གྲུབ་ཆ། ལྗིད་ཚད། ཤོང་ཚད། དྲོད་ཚད། གནོད་པ་ཡོད་པའི་དངོས་རྫས་འདྲིས་ཚད་དུ་གཏན་འགོག་དངོས་རྫས་ཡོད་མེད་ལའང་རྒྱུས་ལོན་བྱ་དགོས།
(2)རིན་གོང་། ཉོ་སྒྲུབ་ཆ་རྐྱེན་དང་རྒྱུ་སྤུས་ཚད་ལྡན་ལག་ཁྱེར་བཅས་ལ་བལྟ་དགོས།
(3)ནུས་ལྡན་དང་བདེ་འཇགས་བཀོལ་སྤྱོད།རྩ་དོན། ཆ་རྐྱེན་བཅས་ལ་བལྟ་དགོས།
(4)ཚོང་རྫས་ཀྱི་ནུས་ལྡན་དུས་ཚད། རྒྱུས་སྤུས་ཚད་ལྡན་དང་ནུས་ལྡན་དུས་ཚད་ལོངས་རྗེས་ཀྱི་དོ་སྣང་བྱ་དགོས་པའི་དོན་ཚན་བཅས་ལ་བལྟ་དགོས།
(5)བཟོ་སྐྲུན་ཚོང་ཁང་། ལག་འགྲིམ་མཁན། ཕྱིར་འཚོང་ཚོང་ཁང་གི་ས་གནས་དང་ཞིག་གསོ་བཟོ་གྲྭ་བཅས་ལ་བལྟ་དགོས།
(6)ངེས་པར་ཟུར་ཤུན་དུ་ཡོད་དགོས་པའི་ཚོང་རྫས་བདེན་དཔང་ཡི་གེའི་ནང་དོན་ལ་རྒྱུས་ལོན་བྱ་དགོས།
(7)གལ་ཏེ་ཉོ་འཚོང་བྱས་པའི་ཚོང་རྫས་རྫུན་མ་ཡིན་ཚེ། ཚོང་ཁང་ལ་སྐྱིན་ཚབ་དང་ཚོང་རྫས་ཕྱིར་སློག་དགོས་པའི་རེ་བ་བཏོན་ཆོག གལ་ཏེ་ཚོང་ཁང་གིས་ཁྱེད་ལ་ཡིད་ཚིམ་པའི་ལན་ཞིག་མ་ཕྱིན་ཚེ་གོང་རིམ་ལ་ཞུ་གཏུག་བྱས་ཆོག ཁྱེད་ལ་དུས་རིམ་དེའི་ནང་དུ་དངོས་པོའི་གྱོང་གུད་བཟོས་པའི་སྐྱིན་ཚབ་དང་ཚོང་རྫས་ཕྱིར་སློག་དགོས་པའི་རེ་བ་བཏོན་ཆོག
(8)འཕྲོད་འཛིན་ལེན་རྒྱུ་མི་བརྗེད་པ་དང་། ཁྱེད་ཀྱིས་ཉོ་འཚོང་བྱས་པའི་དོན་དངོས་རང་བཞིན་བདེན་དཔང་བྱ་དགོས།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1