༄༅།། ལུས་པོའི་ཕན་གནོད་དང་འབྲེལ་བའི་བཏུང་བྱའི་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


1.སྐོམ་དད་ལངས་དུས་ཆུ་འཁོལ་གྲང་འཐུང་ཚད་ཇེ་མང་དུ་གཏང་དགོས།
2.ཉིན་མོ་ཚ་གདུག་ཆེ་བའི་སྐབས། སྦང་ཇ་སླ་པོ་མང་ཙམ་བཏུངས་ན་ཚ་གདུག་སེལ་བའི་ནུས་པ་ཐོན་ཐུབ།
3.རྔུལ་ཆུ་མང་པོ་དོན་པའི་སྐབས། ཚྭ་ཕྲན་བུ་བརྒྱབ་པའི་ཆུ་འཁོལ་གྲང་མི་བཏུངས་ན་ངལ་གསོ་ཐུབ།
4.ལྟོ་ཆས་མ་ཟས་གོང་གི་སྐར་མ་བཅོ་ལྔའི་ནང་ཆུ་འཁོལ་གྲང་བཏུངས་ན་ལྟོ་ཆས་ཀྱི་དང་ག་འབྱེད་པའི་ནུས་པ་ཐོན་ཐུབ།
5.ཉལ་ཁར་ཇ་འཐུང་རྒྱུ་མེད། ཉལ་ཁར་ཇ་བཏུངས་ན། ཀླད་རྩའི་སྤྲོ་བ་འཕེལ་ནས་གཉིད་ཁུག་དཀའ། ཉལ་ཁར་སོ་བཀྲུས་རྗེས་ཆུ་འཁོལ་གྲང་ཏོག་ཙམ་བཏུངས་ན་མཚན་མོ་རྩ་རྒྱུད་ལ་བཞའ་རླན་མཁོ་འདོན་ཐུབ་ནས་གཉིད་སྐྱིད་པོ་ཁུག་ཐུབ།
6.ཇ་ཚ་པོ་ཧབ་འཐུང་རྒྱག་རྒྱུ་མེད། ཇ་ཚ་པོ་རྒྱུན་དུ་ཧབ་འཐུང་བརྒྱབ་ན་མིད་པའི་སྐྱི་ལྤགས་ལ་གནོད་འཚེ་ཕོག་ནས་དུས་ཚོད་གང་ཙམ་ཕྱིན་ན་མིད་པའི་སྐྲན་ནད་ཀྱང་ཕོག་སྲིད་པས། ཇ་འཐུང་སྐབས་ཡིན་གཅིག་དལ་བུར་བྲོ་བ་མྱོང་བཞིན་འཐུང་ན་ལེགས། 
(རྩོམ་འདི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1