དཀར་མཛེས་ཁུལ་གྱིས་གློག་རྡུལ་ཚོང་དོན་ལས་རིགས་མཐུན་ཚོགས་དངོས་སུ་བཙུགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-27


        སྤྱི་ཟླ་3པའི་ཚེས་24ཉིན། ཟླ་བཞིའི་རིང་ལ་གྲ་སྒྲིག་བྱས་པའི་དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་ལས་རིགས་མཐུན་ཚོགས་དངོས་སུ་བཙུགས་པའི་ཚོགས་འདུ་དང་སྐབས་དང་པོའི་ཚོགས་མི་ཚོགས་ཆེན་རྒྱབ་ཁའི་ངང་འཚོགས།  ཚོགས་ཆེན་ཐོག་མཐུན་ཚོགས་ཀྱི་སྒྲིག་སྲོལ་གཏན་ཁེལ་བྱས་པར་མ་ཟད། མཐུན་ཚོགས་ཀྱི་རྩ་འཛུགས་ལས་ཁུངས་དང་འགན་ཁུར་མཁན་བཅས་བདམས་ཐོན་བྱུང་།
མིག་སྔར། མཐུན་ཚོགས་ལ་ཚོགས་མི་37ཡོད་པ་དང་། གློག་རྡུལ་ཚོང་དོན་ཁེ་ལས་དང་གློག་རྡུལ་ཆེད་ལས་ཀྱི་ཁེ་ལས།  དེ་མིན་བསྒྱུར་བཀོད་ཀྱི་སྲོལ་རྒྱུན་ཁེ་ལས་དང་གློག་རྡུལ་ཚོང་དོན་སྟེགས་བུ་འཁོར་སྐྱོད་ཚོང་སྡེ་བཅས་ལས་ཁུངས་ཁག་བསྡུས་ཡོད། དཀར་མཛེས་ཁུལ་ཁམས་ཁུལ་ཡུལ་སྐོར་དྲ་རྒྱའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་འགན་འཛིན་པ་བཟང་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཅང་ཡོན་ཁྲོན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས།
         མ་འོངས་པའི་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་ལ་སྲིད་གཞུང་དང་ལས་རིགས་ཁག་གིས་མཉམ་དུ་འབད་བརྩོན་བྱ་དགོས་ལ། མཐུན་ཚོགས་བཙུགས་ནས་བཟུང་སྲིད་གཞུང་གི་གཙོ་སྐྱོངས་སྡེ་ཁག་གི་མཛུབ་སྟོན་དང་སྒོ་འབྱེད་དང་གསར་གཏོད། འཕེལ་རྒྱས་ཀྱི་འདུ་ཤེས་འོག་དཀར་མཛེས་ཁུལ་གྱི་གློག་རྡུལ་ཐོན་ལས་མཉམ་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་ཚོང་ལས་ཀྱི་ཁེ་ལས་ཕྱིར་འབུད་ཐུབ་པ་དང་དཀར་མཛེས་ཀྱི་བཟོ་སྐྲུན་དང་དཀར་མཛེས་ཀྱི་སྤུས་རྟགས་ཀྱི་འགྲན་བརྩོན་ནུས་པར་སྐུལ་འདེད་བཏང་ནས་དཀར་མཛེས་ཁུལ་གྱི་གློག་རྡུལ་ཚོང་དོན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1