ལི་ཁེ་ཆང་ཝེ་ལིང་ཐོན་ལ་འབྱོར་ནས་ནེའུ་ཟེ་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-27


        སྤྱི་ཟླ་36པའི་ཚེས་26ཉིན།  ནེའུ་ཟེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་དབྱིན་ཀི་ལིས་ཞི་ཡིས་གདན་འདྲེན་ཞུས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཝེ་ལིང་ཐོན་ལ་འབྱོར་ནས་ནེའུ་ཟེ་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།
        ལི་ཁེ་ཆང་གིས་ཀྲུང་གོ་དང་ནེའུ་ཟེ་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་རིང་ལ། ཀྲུང་གོ་དང་ནེའུ་ཟེ་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ནེའུ་ཟེ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་ཁྲོད་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ནེའུ་ཟེ་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན། 
        ནེའུ་ཟེ་ལན་ལ་འཚམས་འདྲི་གནང་སྐབས། ལེ་ཁི་ཆང་གིས་ནེའུ་ཟེ་ལན་གྱི་ཙུང་ལི་དབྱིན་ཀི་ལིས་ཞི་ལ་ཐུག་འཕྲད་ཐེངས་མང་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་ཀྲུང་གོ་དང་ནེའུ་ཟེ་ལན་གྱི་མཉམ་ལས་ལས་གཞི་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པར་མ་ཟད། ནེའུ་ཟེ་ལན་དང་ཀྲུང་གོ་འབྲེལ་བའི་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་ཐུག་འཕྲད་བྱེད་པ་དང་མི་གཞུང་བརྗེ་རེས་སོགས་ཀྱི་བྱ་འགུལ་ལ་ཞུགས་རྒྱུ་རེད།། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1