ཞི་ཅིན་ཕིང་གིས་སྨི་ཁེ་རོ་ན་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིང་དང་གླེང་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-28


        སྤྱི་ཟླ་3པའི་ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་སྨི་ཁེ་རོ་ན་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིང་དང་གླེང་མོལ་གནང་།
        ཞི་ཅིན་ཕིང་གིས་སྤྱི་ལོ་2014ལོར་ཀྲུང་གོ་དང་སྨི་ཁེ་རོ་ན་ཞི་ཡའི་བར་ཕན་ཚུན་བརྩི་འཇོག་དང་། ཐུན་མོང་ངང་གོང་འཕེལ་ཕྱིན་པའི་ཐབས་ཇུས་མཛའ་འབྲེལ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱས་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གལ་ཆེ་བའི་འཕེལ་རྒྱས་གསར་པ་བྱུང་།  ཕྱོགས་གཉིས་ཀྱིས་གཏིང་ཟབ་པའི་སྒོ་ནས་སྦས་ཤུགས་སྔོག་འདོན་དང་། ཡུལ་སྐོར་དང་ཞིང་ལས། ཉ་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏང་དགོས། ང་ཚོས་སྨི་ཁེ་རོ་ན་ཞི་ཡ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་གྱུར་བྱུང་བར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་སྨི་ཁེ་རོ་ན་ཞི་ཡ་ཕྱོགས་དང་རིག་གནས་དང་། སློབ་གསོ། གཞོན་ནུ་སོགས་ཁྱབ་ཁོངས་ཁྲོད་ས་གནས་བར་གྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཕན་ཚུན་ལ་རྒྱུས་ལོན་དང་མཛའ་བརྩེ་གཏིང་ཟབ་ཏུ་གཏང་འདོད་ཡོད་ཅེས་བསྟན། 
        ཁེ་ལི་སི་ཆིང་གིས་སྨི་ཁེ་རོ་ན་ཞི་ཡའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱི་གནམ་གཤིས་འགྱུར་བ་དང་འཛམ་གླིང་ཅན་སོགས་ཀྱི་གནད་དོན་གལ་ཆེ་རིགས་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་དང་གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུའི་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་འདོད་ཡོད་ལ། སྨི་ཁེ་རོ་ན་ཞི་ཡ་ཕྱོགས་ནས་ཀྲུང་གོས་ལོ་མང་རིང་སྨི་ཁེ་རོ་ན་ཞི་ཡའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆེད་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་དང་། ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་དང་ལམ་གཅིག་གི་གྲོས་འགོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྒྲོམ་གཞི་དེའི་འོག་གི་དངོས་གཉེར་མཉམ་ལས་ནང་ཟབ་ཞུགས་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1