རྫ་ཆུའི་མགོ་ཁུངས་ཀྱི་རི་སྐྱེས་སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


        སྤྱི་ཟླ་3པའི་ཚེས་28ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྲིད་གཞུང་དང་རི་ཆུའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་རྫ་ཆུའི་མགོ་ཁུངས་ཀྱི་སྐྱེས་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཁག་དང་པོ་འགྲེམ་སྤེལ་བྱས་པ་ལས་དམར་ཕྱིའི་པར་ཆས་ཀྱིས་གསའ་དང་གཟིག དྲེད་མོ། སྤྱང་ཀི  འཕར་བ།  དབྱི་དཀར།  རི་བོང་། ཝ་དམར། སྦྲེའུ།  ཆུ་སྲམ་སོགས་རི་སྐྱེས་སྲོག་ཆགས་པར་དུ་བླངས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྐྱེས་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ནི་སྤྱི་ལོ་2015ལོ་ནས་འགོ་བརྩམས་ཤིང་རྫ་ཆུའི་འགོ་ཁུངས་ཀྱི་སྤྱི་ལེ་གྲུ་བཞི་མ་20000ཁེབས་ཡོད་པ་དང་ཁྱོན་བསྡོམས་ས་གནས་དེ་གའི་འབྲོག་པའི་ཚད་ཞིབ་མི་སྣ་70ལྷག་གསོ་སྐྱོང་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1