གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

བསོད་ནམས་གཡང་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༢༩ཉིན།

༄༅།། ནགས་ཚལ་ཆུང་ཆུང་དང་མེ།


ཁེ་ལའེ་ལའོ་ཧྥུ་ཡིས་བརྩམས། བསོད་ནམས་གཡང་སྐྱིད་ཀྱིས་བསྒྱུར།

        གྲོགས་སྒྲིག་དུས། གཟབ་ནན་བྱེད་དགོས།/གལ་ཏེ་སྒེར་དོན་དུ་མཛའ་བཤེས་ཀྱི་ངོ་འབག་གྱོན་ཚེ།/ཁྱོད་ལ་བསླུ་བྲིད་ཕུང་སྦྱོར་མ་གཏོགས་མེད།/ཁྱོད་ཀྱིས་ངས་བཤད་པའི་གཏམ་རྒྱུད་ཅིག་ལ་ཉོན་དང་།/བདེན་ལུགས་གསལ་པོར་རྟོགས་ངེས།/དགུན་ཁའི་ནགས་གསེབ་ཏུ་མེ་སོན་ཞིག་ལྷག་ཡོད་པ་ནི།/ལམ་འགྲུལ་བས་བསྐྱུར་བའི་མེ་རོ་ལྷག་མ་རེད།/བུད་ཤིང་ཚར་ལ་ཉེ་བས། མེ་ལྕེ་གཞིལ་རྒྱུར་མི་རིང་། /དུས་མཐའ་ལ་སླེབས་པ་མཐོང་ཡང་།/སོ་སོའི་འཇིག་གཉེན་བསམས་ནས། བསམ་ངན་ཤིང་ལ་བཅངས་ཤིང་།/ ནགས་ཤིང་ཆུང་ཆུང་དེ་སྦར་རྩིས་བྱས་ཏེ།/ ཀྭ་ཡེ།ནགས་ཤིང་ཆུང་ཆུང་ལགས།/ཁྱོད་ཀྱི་ལས་དབང་འདི་ཅི་འདྲའི་ཉམ་ཐག་པ་ལ/ལུས་ཧྲིལ་པོར་ཤིང་ལོ་གཅིག་ཀྱང་མི་འདུག་པས།/ཁྱོད་ཀྱིས་གྲང་ངར་ཆེན་པོ་ཇི་ལྟར་འགོག་ཨང་།/ ནགས་ཤིང་ཆུང་ཆུང་གིས།/ དགུན་གྱི་ཁ་བས་ངའི་ལུས་ཧྲིལ་པོ་གཡོག་པས།/མེ་ཏོག་དང་ལྗང་ལོ་གཅིག་ཀྱང་སྐྱེ་མ་ཐུབ། /དེ་ལ་མེ་ཡིས།/དེ་ནི་ཧ་ལས་དགོས་པ་ཞིག་མ་རེད། /གལ་ཏེ་ངེད་གཉིས་གྲོགས་སུ་གྱུར་ཚེ།/ང་ཡིས་ཁྱེད་ལ་རོགས་རམ་བྱ་ནུས།/ང་ནི་ཉི་མའི་སྤུན་མཆེད་ཡིན།/དགུན་གྱི་ཉི་མ་ལས་ཀྱང་མཚར་སྡུག་བསྐྲུན་ཐུབ།/ཁྱེད་རང་དྲོད་ཁང་དུ་སོང་ནས་རྒྱུས་ལོན་གྱིས་དང་།/ཁ་བ་ལྷབ་ལྷུབ་འབབ་ཅིང་།བྱང་རླུང་འུར་འུར་ལྡང་བའི་དགུན་གྱི་དུས་ལའང་།/དེ་རུ་དཔྱིད་དཔལ་སླེབས་ནས་མེ་ཏོག་དང་ལྗང་མདོག་རྣམ་པར་རྒྱས་ཡོད།/དེ་དག་ཡོད་ཚད་ངའི་བྱས་རྗེས་ཡིན།/རང་སྒྲོག་རང་བསྟོད་བྱ་མི་རུང་།/ངའང་འུད་ཤོབ་ལ་ཡེ་ནས་མི་དགའ།/ཡིན་ནཡང་།ང་ཡི་ནུས་པ་དེ་ཉི་མས་འགྲན་ཐུབ་པ་ཞིག་མིན།/གང་ལྟར་ཡང་།ཉི་མས་ནམ་ལངས་ནས་མུན་མ་རུབ་བར་དུ་ཅི་འདྲའི་རང་རློམ་ཆེན་མོའི་ངང་འོད་སྤྲོས་ཀྱང་།/ཁོས་གངས་འཁྱག་ཕྱེད་ཙམ་ཡང་འཇུ་མི་ཐུབ་སྟེ།/ཁྱོད་ཀྱིས་ངའི་འགྲམ་དུ་གངས་ཡོད་མེད་ལ་ལྟོས་དང་།/ཞུས་ཏེ་ཤུལ་མེད་དུ་གྱུར་སོང་།/གལ་ཏེ་ཁྱེད་ཀྱིས་དགུན་གྱི་དུས་ལའང་དབྱར་ཁའི་ལྗང་མདོག་དེ་འདྲ་ཞིག་རུམ་བསམ་ན།/ང་ལ་ནགས་དཀྱིལ་ནས་ས་གནས་ཆུང་ཆུང་ཞིག་བྱིན། / དོན་དེའི་གྲོས་ཁ་འགྲིག་སོང་བས།/མེ་ལྕེ་ནགས་ཕྲན་ནང་ལ་འཛུལ་ཏེ་སྡོང་རྩ་ནས་ཡལ་གའི་བར་དུ།/མེ་ལྕེ་འུར་འུར་དུ་ཁྱབ་པར་བྱེད་ཅིང་།/དུ་བ་ནག་པོས་བར་སྣང་བཀང་སྟེ།/ནགས་ཤིང་ཡོངས་རྫོགས་ཚིག་ཚར་སོང་། /སྔོན་ཆད་ལམ་དེ་བརྒྱུད་མྱོང་བའི་མི་རྣམས་དབྱར་ཁའི་ཚ་གདུག་འོག་བསིལ་གྲིབ་ལ་བརྟེན་ནས་འདུག་སའི་ནགས་ཚལ་དེ། /ད་ཆ་ཤིང་ཕུར་གཞོབ་གོག་འགའ་མ་གཏོགས་ལྷག་མི་འདུག དེ་ནི་ཧ་ལས་དགོས་པའི་དོན་ཞིག་མིན་ཏེ། / ནགས་ཚལ་གྱིས་མེ་དང་མཛའ་འབྲེལ་བཟུང་བའི་མཇུག་འབྲས་སོ། །

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1