༄༅།།ཁ་བ་འབབ་ཐེངས་རེ་རེར།

མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-13


མཚོ། 
ངས་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ཏེ་ཕྱིར་འདང་རེ་བརྒྱབ་ན།
ཁ་བ་འབབ་ཐེངས་རེ་རེ།
ནམ་ཡང་སེམས་པ་སྐྱོ་དུས་ཤིག་ལ་ཁེལ་འདུག
ངས་སྐྱོ་བ་ཐམས་ཅད་རྩྭ་ཕྲན་ནམ།
ལྗོན་ཤིང་། ཡང་ན་ས་རྡོ་དག་ཏུ་བྱས་པས།
ཁ་བ་སྡང་སྡུག་གིས་འབབ་པར་རེ་སྨོན་བྱེད་ཀྱིན་ཡོད།
གྲོགས་པོ་ལགས།
ང་ལའང་ནོར་ལུག་ཡོད།
ངས་ཀྱང་གོམ་ཁ་རྒྱང་ལ་གཏད་དགོས།
ཡིན་ནའང་། གྲོགས་པོ་ལགས།
ཁྱེད་ཀྱིས་ཀྱང་། ཅིས་ཀྱང་ང་ནང་བཞིན།
རང་ཉིད་ཀྱི་ནོར་ལུག་དང་གོམ་ཁ་བསྐྱུར་ནས།
དར་ཅིག་ལ། རང་ཉིད་ཁ་བར་བཅོལ་རོགས།
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1