༄༅།།ཞོགས་པའི་བླང་བྱ་བཞི་དང་དགོང་མོའི་སྤང་བྱ་ལྔ།

ལྷ་བྱ་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 04-25


ཞོགས་པའི་བླང་བྱ་བཞི། 

གཅིག ཞོགས་པར་ཆུ་ཁྲུས་གསོལ་བའི་གོམས་གཤིས་བཟང་། །ལུས་པོར་ཁྲག་གིས་འཁོར་སྐྱོད་མྱུར་བར་ཕན།།
གཉིས། ཞོགས་པར་དྲི་ཆེན་གཏོང་བའི་སྲོལ་དེ་བཟང་།། ལུས་པོས་སྙིགས་འདོར་བཅུད་ལེན་དུས་ལྟར་ཐུབ།།
གསུམ། ཞོགས་པར་ཆུ་ཁོལ་དྲོད་འཇམ་ཕོར་གང་བཏུང་།། རླན་གསབ་རྒྱུ་མ་གཙང་སེལ་ཡོང་བར་ཕན།།
བཞི། ཞོགས་མལ་ལྡང་སྐབས་དལ་མོར་སྐྱེད་ཅིག་སྲོངས།། དེ་ནས་རིམ་བཞིན་མགོ་བོ་བཀྱག་ན་བཟང་།།
 
དགོང་མོའི་སྤང་བྱ་ལྔ་ནི། 
ཉལ་ཁ་ཁོ་ཧྥེ་འཐུང་དང་གཅིག ཁ་ཚ་སྒོག་པའི་རིགས་དང་གཉིས། དབུགས་གང་སླ་པའི་སྲན་མའི་རིགས་དང་གསུམ། 
སྣུམ་མོད་ཟས་རིགས་གང་རུང་ལྔ་བོ་དེ།། འགོ་བའི་ནད་བཞིན་རིང་དུ་སྤང་འགྱུར་ན།།
བདེ་འཇམ་ཡངས་བའི་མལ་ཁྲི་སྐྱིད་པོའི་སྟེང་།། ལུས་སེམས་ངལ་བའི་ཁུར་བོ་མར་ཕོག་ནས།།
 སྐྱིད་པའི་རྨི་ལམ་ཞིང་དེར་བུད་སོང་ན།། ལུས་སེམས་བདེ་ཐང་ཕྱོགས་ལ་དགེ་མཚན་མང་།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1