ལོ་ངོ་སྟོང་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་དུར་རྫས་གསར་དུ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10



 

        ཉེ་ལམ། གནའ་དཔྱད་པས་ཨེ་ཅིབ་ཏུ་ལོ་ངོ་4000སྔོན་གྱི་མེ་ཏོག་ལྡུམ་རའི་དུར་རྫས་ཤིག་གསར་དུ་རྙེད། དེ་ལས་རྟོགས་ཐུབ་པ་ནི་སྔོན་ཆད་རྒྱུད་སྤེལ་དང་བསྐྱར་གསོན་གྱི་དཔེ་མཚོན་ལྡན་པའི་སྐྱེས་དངོས་འདེབས་འཛུགས་བྱས་སྲིད་པ་ཤེས་ཐུབ། འདི་ནི་ཆེད་མཁས་པ་ཆེས་ཐོག་མར་མེ་ཏོག་ལྡུམ་པའི་དུར་རྫས་རྙེད་པ་རེད།

        གནའ་དཔྱད་པས་གནས་འདི་སྐྱེས་དངོས་འདེབས་འཛུགས་བྱེད་ས་ཡིན་པར་ངོས་འཛིན་བྱས།

        ཞིབ་འཇུག་པས་རིགས་སྒྲུབ་བྱས་པ་ལྟར་ན། དུར་ས་འདི་ནི་སྤྱི་ལོ་སྔོན་གྱི་ལོ་2000ཡི་ཨེ་ཅིབ་རྒྱལ་རབས་12པའི་སྐབས་སུ་བཞེངས་བསྐྲུན་བྱས་པར་འདོད།

        མེ་ཏོག་ལྡུམ་རའི་ནང་སྔོན་ཆད་ཆོས་ལུགས་དང་རིག་གནས་ཀྱི་དཔེ་མཚོན་སྐྱེས་དངོས་འདེབས་འཛུགས་བྱས་ཡོད་སྲིད་པ་དང་། པར་རིས་འདི་ནི་འཆར་འགོད་བྱས་པའི་སྔོན་ཆད་ཀྱི་མེ་ཏོག་ལྡུམ་རའི་རྣམ་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1