༄༅།།ཉལ་ནས་དཔེ་ཆར་བལྟས་ན་ངལ་དུབ་སྐྱེ་སླ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-12


        མི་མང་པོ་ཞིག་ལ་ཉལ་ནས་དཔེ་ཆར་ལྟ་བའི་གོམས་གཤིས་ཡོད།  འོན་ཀྱང་ཉལ་ནས་དཔེ་ཆར་བལྟས་ན་ཅང་མི་འགོར་བར་རྣམ་རིག་བསྒྲིམ་མི་ཐུབ་པར་འགྱུར་སྲིད། གལ་ཏེ་མཚན་མོར་ཉལ་ནས་དཔེ་ཆར་བལྟས་ན་ཤེས་མེད་ཚོར་མེད་ངང་གཉིད་དུ་ཡུར་ངེས་ཡིན། དེའི་རྒྱུ་མཚན་གང་ཡིན་ཞེ་ན། མིས་དཔེ་ཆར་ལྟ་དུས་ཀླད་པ་འགུལ་དྲགས་པའི་དབང་གིས་ལུས་ཟུངས་ཟད་གྲོན་ཧ་ཅང་ཆེ། མི་འཕྲེད་ཉལ་བྱས་ན་ཀླད་ཁྲག་ཇེ་མང་དུ་འགྲོ་བ་དང་། ཁྲག་རྒྱུན་འཁོར་རྒྱུག་བྱེད་པའང་ཙོག་པའམ་ལངས་པ་ལས་ཇེ་དལ་དུ་འགྲོ་སྲིད་པས། ལུས་ཟུངས་སོར་ཆུད་བྱེད་མ་ཐུབ་ཕྱིན་རང་བཞིན་ཉིད་དུ་ངལ་དུབ་སྐྱེ་སླ། ཡང་གཅིག་བཤད་ན། དཔེ་ཆར་ལྟ་དུས་མིག་ལ་བརྟེན་དགོས་པར་མ་ཟད། མིག་གི་ཚོར་བ་རྣོ་ཞིང་ཡུན་རིང་དགོས། ཡིན་ནའང་ཉལ་ནས་དཔེ་ཆར་ལྟ་ཚེ་མིག་གི་ཁྲག་རྩར་ཁྲག་ཚད་རྒྱས་ནས་མིག་ཤུགས་ཇེ་ཞན་དུ་འགྲོ་བ་དང་ངལ་དུབ་སྐྱེ་སླ་བར་མ་ཟད། སྐབས་འགར་མིག་དང་དཔེ་ཆའི་བར་ཐག་ཇེ་རིང་དང་ཇེ་ཉེར་གྱུར་ནས་མིག་དབང་ལ་གནོད་པ་བཟོ་སྲིད།
        གཞན་ཡང་ཁང་པའི་གློག་འོད་དང་དཔེ་ཆ་འཛིན་སྟངས་བཅས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པས།   དཔེ་ཆར་ལྟ་དུས་ལུས་ཀྱི་སྡོད་སྟངས་ཚུལ་མཐུན་ཞིག་དང་ཁོར་ཡུག་འོས་འཚམ་ཞིག་བདམས་ནས་དཔེ་ཆ་བལྟས་ན།  ད་གཟོད་དཔེ་ཆ་ཀློག་པའི་འབྲས་བུ་མངོན་གསལ་ཞིག་ཐོན་ཐུབ།།  
(ཁམས་པ་དྲ་བའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1