གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

ཚེ་འཛིན་སྒྲོལ་དཀར་གྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༦ཉིན།

༄༅།། ཐུབ་བསྟན་དཔལ་ལྡན་གྱིས་པར་དུ་བླངས་པའི་དགོ་བ།

         དགོ་བ་ནི་རྒྱབ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། གཙོ་བོར་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དུ་གནས་ཡོད། དེ་ཡང་རང་རྒྱལ་གྱི་ཚབ་མཚོན་རང་བཞིན་ལྡན་པའི་ས་མཐོ་གྲང་ཆེ་བའི་གནས་སུ་འཚོ་བའི་སུག་བཞི་ཅན་གྱི་སྲོག་ཆགས་ཤིག་ཀྱང་ཡིན། རྒྱུན་དུ་མཚོ་འཕགས་སྨི་2800དང་སྨི་6000ཡོད་པའི་ས་རུ་འཚོ་སྡོད་བྱས་ཡོད། རྩྭ་རིགས་རྩི་ཤིང་ཕུན་སུམ་ཚོགས་པ་དང་ཆར་ཆུ་རྒྱས་པའི་ལུང་ཁུལ་དང་ས་ཁོད་རྒྱ་ཆེ་བའི་རི་ཁུལ་ཏུ་ཁྱུ་ཚོགས་བཞིན་འཚོ་གནས་བྱ་རྒྱུར་ཧ་ཅང་དགའ། ལོ་རེའི་ཟླ་7པ་ནས་8པའི་བར་རྒྱུད་སྤེལ་གྱི་དུས་རིམ་ཡིན་ལ། དགོ་མོས་བུ་བཙལ་ཐེངས་རེར་བུ་གཅིག་ཡང་ན་གཉིས་ཙམ་བཙལ་བ་རེད།
        དགོ་བར་གནོད་འཚེ་གཏོང་མཁན་གྱི་རི་དྭགས་གཙོ་བོ་དྲེད་མོང་དང་སྤྱང་ཀི དེ་མིན་དབྱི་དཀར་སོགས་ཡིན། དེ་ཡང་དགོ་བ་ཇེ་ཉུང་དང་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་མི་རྣམས་ཀྱི་བྱ་སྤྱོད་དང་རང་བྱུང་གི་སྔོ་ཁེབས་ཇེ་ཉུང་གྱུར་བ། ད་དུང་དུས་རབས་གོང་མའི་ལོ་རབས་དྲུག་བཅུ་དང་བདུན་ཅུའི་ནང་མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་མང་པོ་རྔོན་བརྡ་བྱས་པ་དེ་ཡིན། ཡིན་ནའང་ཉེ་བའི་ལོ་འགའི་ནང་། རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེ་དང་དེ་སྐོར་གྱི་བཅའ་ཁྲིམས་དེ་བས་འཐུས་ཚང་དུ་གཏོང་བའི་ཤུགས་རྐྱེན་བཟང་པོའི་འོག རང་རྒྱལ་ས་ཁུལ་དུ་གནས་པའི་དགོ་བའི་གྲངས་འབོར་ནི་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ་དགོ་བའི་སྐྱེ་ཁམས་བཏང་སྙོམས་གནས་ཚུལ་ཡང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བཞིན་ཡོད།

        ཆེད་སྒྲིག་འདིའི་པར་རིས་འདི་དག་ནི་པར་མཁན་ཐུབ་བསྟན་དཔལ་ལྡན་གྱིས་ལོ་ངོ་དྲུག་ལྷག་གི་རིང་ལ། བོད་ལྗོངས་དང་ཞིན་ཅང་། མཚོ་སྔོན། སི་ཁྲོན། གཙང་གསུམ་འགོ་ཁུངས་སོགས་དགོ་ཁྱུ་ཁྱབ་རྒྱ་ཆེ་བའི་ས་ཁུལ་དུ་ཕེབས་ཏེ། གནས་དེ་གར་འཚོ་བཞིན་པའི་དགོ་བ་ཁྱུ་ཚོགས་ཁག་འགའི་དུས་ཚིགས་མི་འདྲ་བ་དང་རྩྭ་ཐང་དང་རི་ཁུལ། གངས་རི། མཚེའུ་སོགས་རང་བྱུང་ཁོར་ཡུག་མི་འདྲ་བའི་ཁྲོད་དུ་དེ་དག་གི་འཚོ་སྡོད་དང་སྐྱེས་འཕེལ་སོགས་ཕྱོགས་གང་ཅིའི་ཐད་ནས་རྗེས་སྙེགས་དང་ལྟ་ཞིབ། ཟིན་ཐོ་སོགས་བཀོད་དེ། སྲོག་ཆགས་འདི་རིགས་ཚན་རིག་གི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་ཐབས་དང་སའི་གོ་ལའི་སྐྱེ་དངོས་ཕྲེང་བ་རང་བྱུང་འཁོར་ཐུབ་པའི་ཚན་རིག་ཞིབ་འཇུག་གི་རྨང་གཞི་བརྟན་པོ་བཏིང་ཡོད། ། 





39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1