༄༅།།ཚ་བའི་གནོད་སྐྱོན་དང་དྲག་ཆར་འབེབས་དུས་གནོད་སྐྱོན་སྔོན་འགོག་བྱེད་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-22


དང་པོ། ཚ་བ་ཆེ་དུས་ཀྱི་གནོད་སྐྱོན་སྔོན་འགོག་གསལ་བརྡ།
གཅིག ཉིན་གུང་ཡོལ་རྗེས་ཚ་བ་ཆེ་དུས་ཕྱི་རོལ་དུ་སྦྱོང་བརྡར་མི་བྱེད་ཅིང་། རྒན་རྒོན་དང་ལུས་སྟོབས་ཞན་པ། ནད་པ། ཕྲུ་གུ་བཅས་ལ་ཚ་གཡོལ་རྒྱུན་ཤེས་འཁྲིད་དགོས་པ་མ་ཟད། སྔོན་འགོག་བྱེད་ཐབས་དངོས་ཀྱང་སྤྱོད་དགོས།
གཉིས། འབྲེལ་ཡོད་སྡེ་ཁག་གིས་གློག་ཤུགས་སྤྱོད་ཤུགས་ཆེ་དྲག་པ་དང་། གློག་སྐུད་དང་གློག་གནོན་སྒྱུར་ཆས་སོགས་གློག་ཤུགས་སྒྲིག་ཆས་ཀྱི་ཁུར་གནོན་ཆེ་རྐྱེན་མེ་སྐྱོན་འབྱུང་ཉེན་ཆེ་བར་དོ་སྣང་དང་སྔོན་འགོག་བྱེད་དགོས།
གསུམ། ཕྱི་རོལ་དང་ཚ་བ་ཆེ་སྒང་དུ་ངལ་རྩོལ་བྱེད་སྐབས།  སྔོན་འགོག་བྱེད་ཐབས་དགོས་ངེས་སྤྱོད་དགོས།
བཞི། དུས་ཐོག་ཏུ་ངལ་གསོ་རྒྱག་པ་དང་། གཉིད་འདང་ངེས་ཉལ་བ། དགོས་ངེས་སྐབས་སུ་རྒྱུན་སྤྱོད་སྨན་རིགས་ཀྱིས་ཚ་བ་འགོག་ཐབས་བྱེད་དགོས།
ལྔ། སྨྱན་སྦྱོར་དུ་ཚ་བ་ཆེ་སྒང་སྐབས་ཚ་གཡོལ་གྱི་ཤེས་བྱ་དྲིལ་བསྒྲགས་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཚ་བ་འགོག་ཐབས་བྱེད་དགོས།
གཉིས་པ། གནོད་འཚེ་འགོག་སྲུང་གི་གྲོས་འཆར།
གཅིག ཐོག་བརྒྱབ་ནས་མི་ཤི་རྨས་དང་སྒྲིག་ཆས་ལ་གྱོང་གུན། མཁའ་འགྲུལ་སྐྱེལ་འདྲེན་ལ་གནོད་སྐྱོན་བཅས་བཟོ་ཉེན་ཡོད་པས། དོ་སྣང་བྱེད་དགོས།
གཉིས། དུས་ཡུན་ཐུང་ངུའི་ནང་ཆར་ཆེན་བབས་ཏེ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། གྲོང་ཁྱེར་དུ་འཁྱིལ་ཆུའི་གནོད་སྐྱོན་སོགས་འབྱུང་ཉེན་ཡོད་པས་གཟབ་དགོས།
གསུམ། དྲག་ཆར་དང་རླུང་ཆེན་གྱིས་སྤྱིལ་བུ་དང་བརྡ་ཁྱབ་བྱང་བུ་སོགས་པའི་དངོས་པོ་འཁྱེར་ལྷུང་དང་། བར་སྣང་མཐོངས་སུ་ལས་ཀ་བྱེད་པ་དང་། ཆུའི་ནང་དུ་ལས་ཀ་བྱེད་པ། མཚོ་འགྲུལ་བཅས་ཀྱི་ཐད་ལ་གནོད་སྐྱོན་མི་ཡོང་བའི་དོ་སྣང་བྱེད་དགོས།
བཞི། སེར་བས་འབྲུ་རིགས་དང་ཞིང་ལས་ཡོ་བྱད་ལ་གནོད་སྐྱོན་བཟོ་ཉེན་ཡོད་པས། དོ་སྣང་དང་སྔོན་འགོག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1