ལི་ཐང་གི་དབྱར་རྩྭ་དགུན་འབུ་འཛམ་གླིང་ལ་བྲིན་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


        དབྱར་རྩྭ་དགུན་འབུ་མཚོ་འགག་བརྒྱུད་ནས་འཛམ་གླིང་གི་ས་ཆ་དག་ཏུ་བཙོང་བ་དང་།  འཕྲིན་ཕྲན་གྱི་ཉོ་ཚོང་ལ་བརྟེན་ནས་དབྱར་རྩྭ་གསར་པ་མཛད་སྤྱོད་པའི་ལག་ཏུ་ཐོན་ཐུབ།  སྤྱི་ཟླ་5པའི་ཚེས་22ཉིན།  གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།  སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་སྲོལ་རྒྱུན་དང་གློག་རྡུལ་ལག་རྩལ་བེད་སྤྱོད་བཏང་ནས་དབྱར་རྩྭ་དགུན་འབུ་འཛམ་གླིང་ལ་ཁ་ཕྱོགས་པའི་ཚོང་འགྲེམ་བྱེད་སྟངས་འགོ་བརྩམས་པ་རེད།
        ལི་ཐང་རྫོང་ལ་འཛམ་གླིང་ཡང་རྩེའི་གྲོང་ཞེས་པའི་མཚན་སྙན་ཐོབ་ཡོད་པ་དང་།  མཚོ་འཕགས་མཐོ་བས།  དེ་རུ་སྐྱེ་བའི་དབྱར་རྩྭ་ནི་ལུས་ཆེ་ཞིང་རྭ་ཅོ་ཐུང་བ་དང་།  ཁ་མདོག་སེར་པོ་ཡིན་པ། དྲི་བཟང་བྲོ་བ་སོགས་ཀྱི་ཁྱད་ཆོས་ལྡན།  ཞིང་འབྲོག་མང་ཚོགས་ཀྱིས་དབྱར་རྩྭ་རྣམས་སྨན་རྫས་ཉོ་སྒྲུབ་བྱེད་པའི་སྦྱིན་བདག་ལ་བཙོང་བ་དང་།  སྦྱིན་བདག་གི་ཁྲོད་དུ་ཀུང་སི་ཡོད་པའི་སྲོལ་རྒྱུན་ཚོང་པ་ཡོད་པ་མ་ཟད།  དྲ་ཐོག་ཚོང་ཁང་འབྱེད་པའི་སློབ་ཆེན་པའང་ཡོད་པ་རེད། དེ་དག་གིས་དེང་རབས་གློག་རྡུལ་ཚོང་ལས་ཀྱི་བྲིན་ཚོང་བརྒྱུད་ལམ་ལ་བརྟེན་ནས་མཐོ་སྒང་གི་ཁྱད་ནོར་ཏེ་དབྱར་རྩྭ་དགུན་འབུ་འཛམ་གླིང་ཚོང་རར་བཀྲམ་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1