༄༅།། རྨི་ལམ།

འབྲོག་སྲས་འུར་ཐོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26



ང་ཚོ་ལ་རྨི་ལམ་ཞིག་ཡོད་དེ།
རྨི་ལམ་དེ།
ཡུན་རིང་དུ་རྨིས་མ་ཐུབ་པའི་རྨི་ལམ་དེ་ཡིན།
རྨི་ལམ་དེ་མི་ཆེན་སུ་ཞིག་གིས་ཐུགས་ཡིད་ལས་བལྟམས་བྱུང་།
མཛེས་སྡུག་གི་རྨི་ལམ་དེ་ང་ཚོའི་སྙིང་མཐིལ་གྱི་རྨི་ལམ་ཡིན།
རྨི་ལམ་དེ་ཧ་ཅང་ཡིད་འོང་ངང་།
ཡ་གླིང་གི་ཡུལ་ཁམས་ཡངས་པོར་ལྗང་མདོག་གིས་ཁུ་བས་བྱུགས།
ལྕགས་རི་རིང་པོའི་འགྱུར་ཁུག་རེ་རེ་ན་རྡོ་རུ་བརྐོས་འདུག
གནམ་བདེ་སྒོ་མོ་ཆེའི་མཁའ་དབྱིངས་སུ་འོད་དུ་འཚེར།
ཀྱེ་ཀྱེ། ཀྲུང་ཧྭ་མི་རིགས་ཡ།
རླབས་ཆེན་གྱི་མི་རིགས་ང་དྲུག་ཨང་།
ས་ཁྱོན་སྤྱི་ཁྲི་དགུ་བརྒྱ་དྲུག་ཅུ་ཡི་པང་དུ་ཆགས་པའི་འཆམ་མཐུན་གྱི་ཁྱིམ་གཞིས་ཆེན་མོ།
ང་ཚོས། མཉམ་དུ་རྨི་ལམ་དེ་མངོན་འགྱུར་བྱེད་པར་བརྩོན།
རྨི་ལམ་དེ་འདྲ་མཉམ་ཡིན་ལ་དྲང་བདེན་དུ་སྒོམ།
རྨི་ལམ་དེ་མི་རིགས་ང་དྲུག་གི་བདེ་སྡུག་ཁོ་ན་ཉིད།
རྨི་ལམ་དེ་རུལ་སུང་རྩ་སློག་དང་བཅོས་རྫུན་དག་སེལ་ཡིན།
རྨི་ལམ་དེ་ཚན་རིག་ཤེས་བྱ་ཡི་ངོ་མཚར་ཞིང་ཁམས་ཡིན།
རྨི་ལམ་དེ་ཞི་བདེ་རྐྱང་རྐྱང་གི་འཇིག་རྟེན་སྐྱིད་པོ་ཞིག
རྨི་ལམ་དེ་ལྟག་སྒོ་གཏོར་བའི་སྟ་རེ་རྣོན་པོ་ཞིག།
རྨི་ལམ་དེ་སང་ཉིན་དང་མ་འོངས་ཡིན།
རྨི་ལམ་དེ་མི་དམངས་ཀྱི་སེམས་ཀྱི་རྨི་ལམ་ཉག་ཅིག་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1