སློབ་གྲྭ་དང་བུ་བཅོལ་ཁང་གི་བཟའ་རིགས་བདེ་འཇགས་སྐོར་གྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 05-27


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཚེས་25ཉིན་རྒྱལ་ཁབ་བཟའ་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཚུན་དུ་ས་ཁུལ་ཁ་ཤས་སུ་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་བཟའ་རིགས་བདེ་འཇགས་དོན་རྐྱེན་ཡང་ཡང་ཐོན་པར་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་རིགས་བདེ་འཇགས་གཞུང་ལས་ཁང་གིས་འབྲེལ་ཡོད་ཚན་པ་དང་ལྷན་དུ་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་མངགས་ནས། དོན་རྐྱེན་ཐོན་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་། དུས་མཚུངས་སུ་རྒྱལ་ཡོངས་ཁྱོན་དུ་སློབ་གྲྭ་དང་། བུ་བཅོལ་ཁང་གི་བཟའ་རིགས་བདེ་འཇགས་སྐོར་གྱི་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་ཆེན་པོ་བྱ་རྒྱུ་ཡིན་པ་རེད། 
        རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་རིགས་བདེ་འཇགས་གཞུང་ལས་ཁང་གིས་ཉིན་དེར་སློབ་གསོ་པུའུ་དང་། བཟའ་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། ས་གནས་ཁག་གིས་སློབ་གྲྭ་དང་བུ་བཅོལ་ཁང་གི་བཟའ་རིགས་བདེ་འཇགས་སྐོར་གྱི་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་ཆེན་པོ་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། ལག་བསྟར་བྱ་ཆོག་པའི་ལེགས་སྒྲིག་བྱ་ཐབས་བཟོ་བ། སློབ་གྲྭའི་ཟས་དུག་ཕོག་པའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་ནན་མོ་བྱེད་པ་བཅས་ལ་དམ་འཛིན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1