གཞི་རིམ་ཏང་གི་འཐུས་མིས་དབུལ་སེལ་འགག་སྒྲོལ་གླེང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-27


        སྤྱི་ཟླ་5པའི་ཚེས་24ཉིན།   སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཅིན་ཅང་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།  དབུལ་སེལ་འགག་སྒྲོལ་ནི་རང་རེའི་ཞིང་ཆེན་གྱི་ལས་དོན་གནད་ཆེ་ཤོས་དེ་ཡིན་ལ།  མཐོ་སྒང་གི་བོད་ཁུལ་དང་ཆིན་པ་རི་ཁུལ།  ཝུའུ་མེང་རི་ཁུལ་དང་ལའང་ཧྲན་དབྱིས་རིགས་ས་ཁུལ་སོགས་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་ཆེན་པོ་བཞི་ནི་རང་རེའི་ཞིང་ཆེན་གྱིས་དབུལ་སེལ་་འགག་སྒྲོལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན།  ང་ཚོས་དབུལ་ཕོངས་ས་ཁུལ་བཞི་ནས་ཡོང་བའི་གཞི་རིམ་ཏང་གི་འཐུས་མི་རྣམ་པས་འདས་པའི་ལོ་ལྔའི་འཕེལ་རྒྱས་དང་མ་འོངས་པའི་དབུལ་སེལ་འགག་སྒྲོལ་གྱི་ལམ་ལ་ཇི་ལྟར་འགྲོ་བའི་འཆར་གཞི་ལ་རྒྱུས་ལོན་ཞིག་བྱེད།     ཕོ་ལོ་28་ལ་སོན་པའི་བོད་རིགས་ཕོ་སར་བཀྲ་ཤིས་རྡོ་རྗེ་རྒྱལ་མཚན་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་བརྡར་ཚང་ཤང་ནས་ཡོང་ཞིང་།  ཁོང་གིས་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཤང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི།  དེ་མིན་སྒར་རུ་མ་གྲོང་སྡེ་དང་པོའི་ཧྲུའུ་ཅི་ཐོག་མིའི་འོས་འགན་བཅས་གཅིག་ལྕོགས་སུ་ཁུར་ཡོད།    བཀྲ་ཤིས་རྡོ་རྗེ་རྒྱལ་མཚན་གྱིས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་སའི་ཐོག་གནད་སྨིན་ཞེས་པའི་ཡིག་འབྲུ་གཉིས་ཀྱིས་བརྡར་ཚང་ཤང་གི་འབངས་མི་རྣམས་ཀྱི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བཏང་བ་སྟེ།  ང་ཚོའི་གྲོང་སྡེ་ཀུན་ལ་ཨར་འདམ་གཞུང་ལམ་ལས་པ་དང་ཁྱིམ་ཚང་ཀུན་ལ་གློག་སྒྲོན་ཡོད་ཅེས་བཤད།  མིག་སྔར།  སྒར་རུ་མ་གྲོང་སྡེ་དང་པོ་སྔ་ལྟར་དབུལ་ཕོངས་གྲོང་པའི་ཁོངས་སུ་གཏོགས་ཀྱང་།  བཀྲ་ཤིས་རྡོ་རྗེ་རྒྱལ་མཚན་ལ་རང་ཉིད་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གཞི་རིམ་འཐུས་མི་དང་སྒར་རུ་མ་གྲོང་སྡེ་དང་པོའི་ཧྲུའུ་ཅི་ཐོག་མའི་ཐོབ་ཐང་གཉིས་ལ་བརྟེན་ནས་དགོངས་དོན་གལ་ཆེན་གྲོང་སྡེ་རུ་སྒྲོག་པ་དང་། འབད་པ་ཆེན་པོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྲོག་པའི་ཐོན་རྫས་ལ་ལས་སྣོན་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་བརྒྱུད་ནས།   མི་འགྱངས་བར་དམངས་ཚོགས་རྣམས་དབུལ་སེལ་བྱེད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་དེ།  མཐོ་སྒང་གི་སྐྱེ་ཁམས་སླར་གསོ་དང་མི་སེར་གྱི་ངལ་རྩོལ་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ངེས།   དེ་ལྟར་བྱས་ན་མང་ཚོགས་ཀྱི་རྩོལ་བ་ལ་ཡོང་འབབ་ཡོད་པ་མ་ཟད།   མཐོ་སྒང་གི་སྐྱེ་ཁམས་ལའང་སྲུང་སྐྱོབ་ཐུབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1