ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-27


        ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་སྐབས་གསར་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རང་ཞིང་གི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་འཐུས་མི་བཅས་བདམས་ཐོན་བྱུང་བ་དང་།  ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་སྤྱི་ཟླ་5པའི་ཚེས་27ཉིན་གྱི་སྔ་དྲོར་ཁྲེན་ཏུའུ་ཅིན་ཅང་ཚོམས་ཆེན་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། 
ཝང་ཏུང་མིང་གིས་མཇུག་སྒྲིལ་བའི་ཚོགས་ཆེན་ལ་གཙོ་སྐྱོང་མཛད་པར་མ་ཟད་གཏམ་བཤད་ཀྱང་གནང་། 
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞིའིསྟེགས་བུའི་སྟེང་བཞུགས།  ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་རྣམས་ནི་ཝང་ཏུང་མིང་དང་དབྱི་ལི། ཧོ་ཙུན་ཕིང་། ཏེང་ཞའོ་ཀང་། ཝང་ཡན་ཧྥེ། ཧྥན་རུའེ་ཕིན། ཝང་ཉིང་། ཆི་མོའོ་ཧྲི་ཧ། ཀན་ལིན། ཏེང་ཡོན། ཧོང་ཅན་ཧྥ། ཁྲེན་ཀོང་ཀྲི་བཅས་རེད།
        ཀྲུང་གོ་མི་དམངས་བཅིང་གྲོལ་དམག་ནུབ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་ཆབ་སྲིད་ལས་ཀ་པུའུ་ཡི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཧི་ཕིན་དང་། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་ཆབ་སྲིད་ཨུ་ཡོན་ཧྲུའོ་ཆིན་ཡིའུ་མཇུག་སྒྲིལ་བའི་ཚོགས་ཆེན་ལ་གདན་ཞུ་བྱས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས།
        ཞིང་ཆེན་གྱི་བློ་མཐུན་རྒན་པ་ཧི་ཧོ་ཅུས། ཧྥེན་ཡོན་ཝེ། ལའོ་པའོ་ཁང་། དབྱང་གླིང་རྡོ་རྗེ། ཞེ་ཧྲི་ཅེ། ནེ་རོན་ཀོས། སུང་པའོ་རུའེ། ཀྲང་ཀྲུང་ཝེ། ཆིན་ཡུས་ཆིང་བཅས་དམིགས་བསལ་གདན་ཞུའི་འཐུས་མིའི་ངོས་ནས་མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས། 
        སྔ་དྲོའི་ཆུ་ཚོད་དགུའི་སྟེང་། དབྱི་ལི་ཡིས་ཚོགས་ཆེན་གྱི་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཞུགས་འཐུས་མི་རྣམས་ཡར་ལངས་ཏེ་མཉམ་དུ་རྒྱལ་གླུ་བླངས།
        ཚོགས་ཆེན་སྟེང་བདམས་ཐོན་བྱུང་བའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རང་ཞིང་གི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཚོགས་རའི་ནང་ཐལ་མོ་རྡེབ་སྒྲས་ཁེངས། 
        ཚོགས་ཆེན་སྟེང་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 
         ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་འཚོགས་པ་དེས་སི་ཁྲོན་ཞིང་ཆེན་ཁྱོན་ཡོངས་ཀྱི་འབྱོར་འབྲིང་ལ་རྒྱལ་ཁ་ཐོབ་པ་མཚོན་ཞིང་། དཔལ་འབྱོར་འཕེལ་རྒྱས་ཅན་གྱི་ཞིང་ཆེན་ཞིག་འཛུགས་སྐྲུན་བྱེད་པར་རྒྱང་སྐྱོད་གསར་པ་ཞིག་གི་འགོ་བརྩམས་པ་མཚོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་མངག་བཅོལ་གལ་ཆེན་སྣང་མེད་དུ་མི་གཏོང་བར་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལ་གཏད་ནས་མདུན་དུ་བསྐྱོད་དགོས་ཤིང་།  ནན་ཏན་གྱིས་མཛེས་སྡུག་ལྡན་པའི་འཆར་འགོད་འདི་མངོན་འགྱུར་ཡོང་བར་བྱ་དགོས།  མཛེས་སྡུག་ལྡན་པའི་འཆར་འགོད་མངོན་འགྱུར་ཡོང་བར་མདུན་བསྐྱོད་ཀྱི་ཁ་ཕྱོགས་ངེས་པར་དུ་ཡང་དག་པ་ཡིན་དགོས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྔར་ལས་རང་རྟོག་གིས་བསམ་བློ་དང་ཆབ་སྲིད།   བྱ་སྤྱོད་བཅས་ཀྱི་ངོས་ནས་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་དང་།  བློ་སེམས་སྔར་ལས་བརྟན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་དང་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གྱིས་ཁྱོན་ཡོངས་གཅིག་འདོམས་བྱ་དགོས། མཛེས་སྡུག་ལྡན་པའི་འཆར་འགོད་མངོན་འགྱུར་ཡོང་བ་ལ་ངེས་པར་དུ་བློ་རྩེ་བརྟན་པོས་འཕེལ་རྒྱས་ཀྱི་ནུས་ཤུགས་རྒྱུན་འཁྱོངས་དང་།  གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་སྡུད་ཀྱིས་སྐུལ་འདེད་དང་ཁྱོན་ཡོངས་རྣམ་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་།  འཕེལ་རྒྱས་ཆེན་པོ་བཞིའི་འཐབ་ཇུས་འགྱུར་བ་མེད་པར་ལག་བསྟར་བྱེད་པ། དེ་མིན་འབད་པ་ཆེན་པོས་མཆོང་བརྒལ་གཉིས་མངོན་འགྱུར་ཡོང་བ་བྱས་ནས་མཛེས་ཤིང་དར་བའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱ་དགོས། མཛེས་སྡུག་ལྡན་པའི་འཆར་འགོད་མངོན་འགྱུར་ཡོང་བར་ངེས་པར་དུ་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འབད་བརྩོན་དོན་གཉེར་བྱ་དགོས་པར་མ་ཟད། འབད་པ་ལྷུར་ལེན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་བདེན་འཚོལ་དངོས་གཉེར་གྱི་སྤྱོད་བཟང་དར་སྤེལ་དུ་གཏང་དགོས། དངོས་ཡོད་ཀྱི་གསར་གཏོད་རང་བཞིན་དང་འབྲེལ་ནས་ལས་དོན་སྤེལ་ཏེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཇུས་ཆོད་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་ཏུ་བཅུག་དགོས།  མཛེས་སྡུག་ལྡན་པའི་འཆར་འགོད་མངོན་འགྱུར་ཡོང་བར་ངེས་པར་དུ་ཧུར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ་ཁྱོན་ཡོངས་ནས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་རུ་ཁག་འཛུགས་སྐྲུན་ཤུགས་སྣོན་བྱེད་པ་དང་དམངས་ཆེན་སྲིད་གྲོས་ཀྱི་འགན་ནུས་གང་ལེགས་འདོན་སྤེལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་དང་མང་ཚོགས་དང་ཚོགས་པའི་ལས་ཀ་ལེགས་པོར་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་རྡོག་རྩ་གཅིག་སྒྲིལ་དང་ངལ་བ་ཁྱད་གསད་ཀྱིས་སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཟིལ་རླབས་དགུང་དུ་འཕྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ཞུགས་ཏེ་མཉམ་དུ་སི་ཁྲོན་འཕེལ་རྒྱས་ཀྱི་མཛེས་པའི་མ་འོངས་པ་གསར་གཏོད་བྱ་དགོས་ཞེས་གསུངས། 
        ཝང་ཏུང་མིང་གིས་འདས་ཟིན་པ་ནི་ལེའུ་ཞིག་ཡིན། འདས་ཟིན་པའི་ལོ་ལྔའི་དཀའ་སྡུག་དང་ཧུར་བརྩོན། གྲུབ་འབྲས་ནི་ལོ་རྒྱུས་སུ་གྱུར་ཡོད། གནས་བབ་གསར་པ་དང་འགན་འཁྲི་གསར་པར་དམིགས་ནས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་ལ་རྣམ་རིག་གསལ་པོ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་དུ་དཀའ་ཚེགས་ཀྱི་འདུ་ཤེས་བཟུང་ནས་དཀའ་སྡུག་འགྲན་རྩོད་ལ་ཁ་གཏད་དང་འགན་འཁྲི་དང་ལེན་བྱ་དགོས། འགྲན་རྩོད་གསར་པ་དང་རྒྱུགས་ལེན་གསར་པར་དམིགས་ནས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་བློར་བརྟན་པོ་ངེས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པ་བྱ་དགོས། རི་གཤགས་ནས་ལམ་གཏོད་པ་དང་ཆུ་ཐོག་ཏུ་ཟམ་པ་འཛུགས་པའི་སྙིང་སྟོབས་དང་དཀའ་ངལ་མཐའ་དག་ལས་གང་གིས་ཀྱང་བསླུ་བྲིད་མི་ཐུབ་པའི་ཞུམ་པ་མེད་པའི་དཔའ་བོའི་བློ་སྟོབས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བརྟེན་པ་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སླར་ཡང་མདུན་སྐྱོད་དང་སླར་ཡང་འགོ་གསར་པ་འཛུགས་བཞིན་ད་ལྟའི་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས་ “གངས་རི་དང་རྩྭ་ཐང”གསར་པ་དབང་དུ་བསྡུ་བ་དང་དཀའ་ཁག་གསར་པ་ལས་རྣམ་པར་རྒྱལ་ཏེ་རང་རེའི་ཞིང་ཆེན་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་གཏོད་བྱ་དགོས། ང་ཚོས་དཀའ་སྤྱད་རྔུལ་ཆུ་དང་བློ་གྲོས་སྟོབས་ཤུགས། གཏོང་ཕོད་འགན་ཁུར་གྱི་སྙིང་སྟོབས་ཀྱིས་སི་ཁྲོན་གྱི་ས་གཞིའི་སྟེང་ལོ་རྒྱུས་གསར་པ་བྲི་བ་དང་གཟི་བརྗིད་གསར་པ་བསྐྲུན་ནས་སྔར་ལས་ལྷག་པར་སི་ཁྲིན་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
        ཝང་ཏུང་མིང་གིས་ང་ཚོས་སྔར་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་དང་བསམ་བློ། ཐབས་ཇུས་གསར་པས་གཅིག་འདོམས་བྱས་ཏེ། བཅོས་བསྒྱུར་གསར་གཏོད་དང་བརྩོན་པ་ལྷུར་ལེན། དཀའ་བ་ཁྱད་གསད། དཀའ་སྤྱད་འབད་བརྩོན་གྱིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དུ་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས་པ་དང་། མགྱོགས་མྱུར་སྒོས་མཛེས་ཤིང་དར་བའི་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བར་འབད་པ་བྱ་དགོས་ཞེས་ནན་གྱིས་གསུངས། 
        ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་འགོ་ཁྲིད་བློ་མཐུན། ཞིང་ཆེན་དམངས་གཙོ་ཏང་ཁག་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་འགན་འཛིན་པ་གཙོ་བོ། གྲངས་ཉུང་མི་རིགས། ཏང་ཁག་གང་ལ་མི་གཏོགས་པ་དང་ཆོས་ལུགས་པའི་སྡེ་ཡི་མི་སྣ་མིང་གྲགས་ཅན་དག་མཇུག་སྒྲིལ་བའི་ཚོགས་ཆེན་ལ་གདན་ཞུ་ཞུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1