༄༅།།སྤྱི་ཚོགས་ནི་ཁ་ལེབ་མེད་པའི་ཟངས་རྒན་ཞིག་རེད།

བོང་སྟག་རི་ལུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-06




སྤྱི་ཚོགས་ནི་ཁ་ལེབ་མེད་པའི་ཟངས་རྒན་ཞིག་རེད
ཟངས་རྒན་དེའི་ནང་དུ
ཚག་ཚག་གི་སྒྲ་དང་བཅས་མི་རྣམས་བརྔོ་ཡིན་ཡོད

མི་སྐོར་ཞིག་གིས
རང་ཉིད་རྔོད་ཀྱིན་པ་གཏན་ནས་ཤེས་ཀྱིན་མེད
གཞན་གྱིས་རྔོད་ཀྱིན་པ་དེ་བས་ཀྱང་ཤེས་ཀྱིན་མེད

ཡང་དང་བསྐྱར་དུ་བརྔོས་རྗེས་སུ
རྣ་ཡས་འོན་པ་ཅན
མིག་ཡས་ཞ་ར་ཅན
རྐང་ཡས་ཞ་བོ་ཅན་ཏག་ཏག་ཐོན
 
ཁོ་ཚོས་འོད་ཟེར་ལ་བལྟས་ཏེ་མུན་ནག་རེད་ཟེར
ཁོ་ཚོས་མུན་ནག་ལ་བལྟས་ཏེ་འོད་ཟེར་རེད་ཟེར
ཁོ་ཚོས་དབང་བོ་རྣམ་ལྔ་གསལ་བའི་མི་དག་ཀྱང                         
ཡང་བསྐྱར་ཟངས་རྒན་ཁ་ལེབ་མེད་པ་དེའི་ནང་དུ་འཕངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1