༄༅།། ཞོ་འཐུང་དུས་ཀྱི་ནོར་འཁྲུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 06-07


ནོར་འཁྲུལ་དང་པོ། ཞོ་དང་འོ་མ་གཉིས་གཅིག་ཡིན་བསམ་པ།
        འཚོ་བཅུད་རིན་ཐང་གི་ངོས་ནས་བལྟས་ན། ཞོ་ནི་འོ་མ་ལས་ལྷག་ཏུ་འཇུ་བ་བདེ་བའམ་སྡུད་ལེན་བྱེད་སླ་ལ། འཚོ་བཅུད་རྒྱུ་བདེ་སྤྱོད་ཚད་མཐོ་བ་རེད། 
ནོར་འཁྲུལ་གཉིས་པ། ཞོའི་བཏུང་རྫས་དང་ཞོ་གཉིས་གཅིག་ཡིན་བསམ་པ།
        ཞོ་ནི་འོ་མ་སྤུས་བཟང་ལ་འོ་སྐྱུར་རུ་མ་བརྒྱབ་ནས་བསྙལ་ཏེ་གྲུབ་པ་ཡིན་ལ། ཞོའི་བཏུང་རྫས་ནི་བཏུང་རྫས་ཀྱི་རིགས་ཤིག་ལས་མ་འདས་སོ། ཞོའི་བཏུང་རྫས་ཀྱི་འཚོ་བཅུད་ནི་འོ་མའི1/3ཡས་མས་ཡིན་ནོ།།
ནོར་འཁྲུལ་གསུམ་པ། ཁོག་སྟོང་དུ་ཞོ་འཐུངས་ན་བཟང་བསམ་པ།
        ཁོག་སྟོང་དུ་ཞོ་འཐུངས་ན་ལུས་པོའི་བདེ་ཐང་ལ་གནོད་པ་མེད་པར། ཞོ་ལ་མ་གཞི་ནས་ཡོད་པའི་བདེ་སྲུང་ནུས་པ་ཆུང་དུ་གཏོང་བར་བྱེད་པ་ཙམ་ལས་མ་འདས། ཟ་མའི་རྗེས་སུ་ཞོ་འཐུངས་པ་ཡིན་ན། བཟང་སྲིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱུ་མ་དང་ཕོ་བའི་འགུལ་སྐྱོད་ལ་རོགས་རམ་བྱེད་པ་དང་གནོད་སྲིན་བཀག་སྟེ་རྒྱུ་མ་དང་ཕོ་བ་སྔར་བས་བདེ་བ་ཡོང་བར་བྱེད།
ནོར་འཁྲུལ་བཞི་པ། ཞོ་ནི་ཟས་རིགས་གང་རིགས་དང་མཉམ་དུ་འཐུང་ཆོག་སྙམ་པ།
        ཞོ་ནི་སིང་ཕྱེ་རིགས་ཀྱི་ཟས་རིགས་དང་མཉམ་དུ་འཐུངས་ན་ཤིན་ཏུ་བཟང་ན་ཡང་། སྣུམ་མང་བའི་ལས་སྣོན་ཤ་རིགས་དང་མཉམ་དུ་འཐུང་མི་རུང་། རྒྱུ་མཚན་ནི་ལས་སྣོན་ཤ་རིགས་ནང་དུ་ཟེ་ཚྭའི་སྐྱུར་བསྲེས་ཡོད་ལ། ཞོའི་ནང་གི་ཨན་དང་འཕྲད་ན་ཟེ་ཚྭ་ཨན་དུ་འགྱུར་ཞིང་ཟེ་ཚྭ་ཨན་ནི་འབྲས་སྐྲན་སློང་བྱེད་དངོས་པོ་ཡིན་ནོ༎


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1