༄༅།།ཨ་ཕའི་དུས་ཆེན་ཇི་ལྟར་དར་བ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕིན། སྤེལ་དུས། 06-20


        འཛམ་གླིང་ཐོག་ཡབ་ཆེན་དུས་ཆེན་ཐོག་མ་དེ་1910ལོར་ཨ་རི་ནས་དར་ཁྱབ་བྱུང་བ་ཡིན། 1909ལོར་ཧྭ་ཧྲིའི་ཏུན་རུ་པོའོ་ལོ་སྲེ་ཏོ་རྡེ་ཞེས་པའི་མི་དེའི་ལྕམ་གྱིས་མ་ཡུམ་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ་གློ་བུར་དུ་འཆར་སྒོ་ཞིག་བྱུང་བ་སྟེ་མ་ཡུམ་དུས་ཆེན་ཡོད་པ་ན་ཡབ་ལ་དུས་ཆེན་མེད་པ་གང་ཡིན་ནམ་སྙམ། ཏོ་རྡེ་ལྕམ་ལ་གཅུང་པོ་ལྔ་ཡོད་ཅིང་ཡུམ་ནི་ཁོ་ཚོ་ཆུང་དུས་ནས་སྐུ་ཚེ་འདས་པས་ཁོ་ཚོ་ནི་བྱམས་བརྩེ་ལྡན་པའི་ཡབ་ཆེན་གཅིག་པུས་གསོ་སྐྱོང་གནང་། གཅེན་གཅུང་དྲུག་པོས་ཡབ་ཆེན་མཆོག་གིས་ལོ་གྲངས་མང་པོའི་ནང་དུ་དཀའ་སྤྱད་སྡུག་ཁུར་བྱས་ནས་ཁྱིམ་ཚང་སྐྱོང་པའི་སྣང་ཚུལ་དེ་ཡིད་ལ་གསལ་ལེར་དྲན་བཞིན། ཁོ་མོས་འབུམ་རམས་པ་ལྷ་སྲེ་མ་སྲེ་མཆོག་གི་རྒྱབ་སྐྱོར་འོག་ཁུལ་སྲིད་གཞུང་ལ་ཡབ་གྱི་དུས་ཆེན་གསར་འཛུགས་དང་དུས་ཆེན་དེ་ཁོ་མོའི་ཡབ་གྱི་འཁྲུངས་སྐར་ཏེ་ཟླ་བ་དྲུག་པའི་ཚེས་ལྔ་ལ་གཏན་ཁེལ་བྱེད་དགོས་པའི་ཞུ་ཡིག་ཕུལ།  སྲིད་གཞུང་ནས་ཁོ་མོའི་བསམ་འཆར་བཞིན་ཉིན་16རྗེས་ཡབ་གྱི་དུས་ཆེན་ཡིན་ཞེས་གསུངས་པས་ཉིན་དེ་ནི་1909ལོའི་ཟླ་བ་དྲུག་པའི་གཟའ་འཁོར་གསུམ་པའི་རེ་གཟའ་ཉི་མའི་ཉིན་ཡིན། ལོ་དེར་ཏོ་རྡེ་གནས་སའི་སྲེ་ཕོའོ་ཁའ་གྲོང་ཁྱེར་རུ་ཡབ་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་རྗེས་སུ་ཉིན་འདི་ཡབ་ཀྱི་དུས་ཆེན་ཡིན་པ་ཁུལ་གཞན་དུའང་ཁྱབ་བསྒྲགས་ཐོབ། དེའི་རྗེས་སུ་རྒྱལ་ཁབ་མང་པོས་དེ་ལུགས་བཞིན་ཉིན་དེ་ཡབ་ཀྱི་དུས་ཆེན་ལ་ངོས་འཛིན་བྱས་པ་རེད།། 
(དཀར་མཛེས་རིག་གནས་ཞེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1