༄༅།། བུན་འགན་ཅན་གྲོངས་རྗེས་ཀྱི་བུ་ལོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20


1.བུན་འགན་ཅན་གྱི་བུ་ལོན་དག་གལ་སྲིད་མི་སྒེར་གྱི་བུ་ལོན་ཡིན་ཚེ། དེའི་ཤུལ་བཞག་རྒྱུ་ནོར་ལས་བུ་ལོན་འཇལ་དགོས།《ཤུལ་འཛིན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་ནང་དུ་“ཁྲིམས་ལུགས་ལྟར་ཤུལ་བཞག་ནོར་བདག་ནས་སྤྲོད་འཇལ་བྱེད་དགོས་པའི་དཔྱ་ཁྲལ་དང་བུ་ལོན་རྣམས་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་སྐབས་གཙང་འཇལ་བྱ་དགོས་ཤིང་། དཔྱ་ཁྲལ་དང་བུ་ལོན་གཙང་འཇལ་བྱེད་ཚད་དེ་ཤུལ་བཞག་རྒྱུ་དངོས་ཀྱི་དངོས་ཐོབ་རིན་ཐང་ལས་བརྒལ་བ་རྣམས་ཤུལ་འཛིན་པས་རང་མོས་ཀྱིས་འཇལ་འདོད་ཡོད་ན་འཇལ་དུ་འཇུག་རྒྱུ”ཞེས་གཏན་འབེབས་བྱས་ཡོད། གཏན་འབེབས་དེ་ལས་ཤུལ་འཛིན་བྱེད་མཁན་གྱིས་བུན་འཇལ་གྱི་འགན་འཁྲི་འཁུར་དགོས་མིན་གྱི་དོན་དངོས་རྨང་གཞི་ནི་ཤུལ་ནོར་རྒྱུན་འཛིན་བྱས་ཡོད་མེད་ལ་བལྟ་དགོས་པ་གསལ་པོ་བསྟན་ཡོད།

2.གལ་སྲིད་བུན་འགན་ཅན་དང་དེའི་བཟའ་མི་སྟེ་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཡིན་ཚེ། དེའི་བཟའ་ཟླས་ཐུན་མོང་གི་བུ་ལོན་དེར་གཙང་འཇལ་གྱི་འགན་འཁྲི་འཁུར་དགོས།
        ཁྱོ་ཤུག་ཐུན་མོང་གི་བུ་ལོན། 
གཅིག བུ་ལོན་དེ་ནི་ཁྱོ་ཤུག་འབྲེལ་བ་གནས་རིང་གི་བུ་ལོན་ཡིན་མིན་ལ་བལྟ་དགོས། གལ་ཏེ་མིན་ཚེ་སྤྱིར་བཏང་ལྟར་ན་ཁྱོ་ཤུག་ཐུན་མོང་གི་བུ་ལོན་དུ་མི་གཏོགས། 
གཉིས། བུན་འགན་ཅན་ལ་བུ་ལོན་འབྱར་བའི་རྒྱུ་མཚན་ནམ་བུན་གཡར་གྱི་དམིགས་ཡུལ་དེ་ཁྱོ་ཤུག་ཐུན་མོང་གི་འཚོ་བའི་དགོས་མཁོ་ཡིན་མིན་དང་། ཡང་ན་བུ་ལོན་དེ་ཁྱིམ་ཚང་ངམ་ཁྱོ་ཤུག་ཐུན་མོང་གི་འཚོ་བར་བེད་སྤྱད་པ།
གསུམ། བུ་ལོན་ལེན་པའི་དམིགས་ཡུལ་དང་བུན་འགན་དེ་ཉིད་ཁྲིམས་མཐུན་ཡིན་རིགས། གལ་ཏེ་ཁྱོ་ཤུག་འཚོ་བ་མཉམ་སྐྱེལ་བྱེད་རིང་བཟའ་ཟླ་ཕྱོགས་གཅིག་གི་རྒྱན་འཇོག་སོགས་ཀྱི་བུ་ལོན་ཡིན་ཚེ། ད་གཟོད་བཅའ་ཁྲིམས་ཀྱི་འགན་སྲུང་འཐུབ་མི་སྲིད།
        འོན་ཀྱང་། ཁྱོ་ཤུག་གང་རུང་ཞིག་ནས་བུན་དབང་ཅན་དང་བུན་འགན་ཅན་གཉིས་དབར་དུ་བུན་ལོན་ཁ་ཤས་མི་སྒེར་གྱི་བུ་ལོན་ཡིན་པ་ཁ་གསལ་བཟོས་པ་ར་སྤྲོད་ཐུབ་པའམ་ཡང་ན་དེ་ལྟར་ཁ་དན་བྱས་ཚུལ་ཕུང་གསུམ་པ་ནས་ཤེས་བཞིན་ཡོད་པའི་དཔང་རྟགས་ཡོད་རིགས་ཀྱི་གནས་ཚུལ་ནི་ལོགས་སུ་གཏོགས་པ་ཡིན།
        དུག་འཐེན་པ་དང་། རྒྱན་འཇོག་པ། དེ་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་བཅས་ལས་བུ་ལོན་བྱུང་རིགས། བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་མི་བྱའོ། །
  (ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1