༄༅།། རྐང་ཐང་ལ་སོང་ན་ལུས་པོར་ཕན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20


        གོམ་བགྲོད་ནི་ལུས་ཡོངས་ཀྱི་འགུལ་སྐྱོད་ཡིན་པས། ནུས་པ་བསམ་གྱིས་མི་ཁྱབ།
        རྐང་ཐང་དུ་འགྲོ་བ་ནི་ཁོག་སྨད་འགུལ་སྐྱོད་བྱས་པ་ཙམ་དུ་གོ་མི་རུང་ལ། གོམ་བགྲོད་ཀྱིས་ལུས་སྦྱོང་བྱ་དུས་གོམ་པ་ཆེ་རུ་སྤོ་དགོས་ལ། མགྱོགས་ཚད་ཅུང་མགྱོགས་པ། ལག་པ་གཉིས་འགུལ་ཞིང་། མགོ་བོ་དགྱེ་ཞིང་བྲང་ཁ་ཡངས་དགོས།
 
        མིག་སྔར། ཞིབ་འཇུག་བྱས་ནས་རྩད་ཆོད་བྱུང་བ་ལྟར་ན། གོམ་བགྲོད་བྱས་ཚེ་ལུས་ཕུང་ལ་ཕན་པ་མང་བར་བཤད། 

ཀླད་པ།    -- ཀླད་པར་ཧྥེ་འདྲེས་ཐའེ་གཏོང་བས་སེམས་ཁམས་སྐྱིད་པར་གཏོང་ཐུབ།
གློ་བ།     -- གློ་བའི་འཕར་ཚད་ཇེ་མཐོར་གཏོང་ལ། ཐ་མག་ལ་དགའ་བ་དག་གི་དུ་བའི་སྤྲོ་བ་ཉམས་སུ་འཇུག་ཐུབ།
རྒྱབ།    -- ལུས་རྒྱབ་ཀྱི་ཤེད་སྟོབས་ཆེ་རུ་འགྲོ་བས། ལུས་རྒྱབ་ཀྱི་གནོད་པ་ཆུང་དུ་གཏོང་།
རྐང་བ།    -- གོམ་བགྲོད་བྱས་ཚེ་རྐང་རུས་ལ་ཤེད་ཤུགས་ཀྱི་སྦྱོང་བརྡར་བྱེད་པས། རྐང་རུས་ཇེ་སྲ་དང་ཤེད་ཤུགས་ཇེ་ཆེ་རུ་འགྲོ།

གཤམ་ལྟར་གོམ་བགྲོད་བྱས་ཚེ། ནད་གསུམ་དང་སྐྲན་ནད་གཅིག་མེད་པར་གཏོང་ཐུབ།

        གཟའ་འཁོར་གཅིག་ལ་ཆུ་ཚོད་གསུམ་རིང་གོམ་བགྲོད་བྱས་ན། 30%-40%ཡིས་སྙིང་རྩའི་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ།
        གཟའ་འཁོར་གཅིག་ལ་ཉིན་གསུམ་རིང་། ཐེངས་རེར་གོམ་བགྲོད་སྐར་མ45ཡན་སོང་ཚེ། རྒན་པ་ཧོན་ལོག་པ་སྔོན་འགོག་བྱེད་ཐུབ། 
        གཟའ་འཁོར་གཅིག་རིང་། ཆུ་ཚོད་བདུན་ཡན་དུ་སོང་ཚེ། ནུ་མའི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་ལ། རིམ་པIIཅན་གྱི་གཅིན་པ་མངར་འགྱུར་ནད་ལ་གསོ་བཅོས་ཐུབ། 
        དེ་བཞིན་གཟའ་འཁོར་གཅིག་རིང་ཆུ་ཚོད་གསུམ་དང་དེ་ལས་ཉུང་བའི་བུད་མེད་དང་བསྡུར་ན། ཆུ་ཚོད་བདུན་ཡན་ལ་གོམ་བགྲོད་བྱེད་མཁན་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་14%ཉུང་བ་དང་། གཟའ་འཁོར་གཅིག་རིང་ཉིན་གསུམ་ལ་རྒྱུན་འཁྱོངས་བྱས་ཤིང་། ཉིན་རེར་སྐར་30ཡི་ནང་སྤྱི་ལེ3ལ་བགྲོད་ཚེ། གཅིན་པ་མངར་འགྱུར་གྱི་ནད་འབྱུང་ཚད25%ཇེ་ཉུང་དུ་གཏོང་ཐུབ།
གོམ་བགྲོད་ལས་འདུར་རྒྱུག་མ་བྱེད། གོམ་བགྲོད་བྱས་པར་བཟང་ཆ་12ཡོད་པ་ཁྱེད་ཀྱིས་ཨེ་ཤེས།
1.གོམ་བགྲོད་བྱས་ཚེ་སྙིང་ཁམས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་ལ། སྙིང་འཕར་ཚད་ཇེ་དལ་དང་ཤུགས་དང་ལྡན་པར་གཏོང་ཐུབ། 
2.གོམ་བགྲོད་ཀྱིས་ཁྲག་རྩའི་ལྡེམ་ཤུགས་ཇེ་མཐོར་གཏོང་ལ། ཁྲག་རྩ་འགད་པའི་གནས་ཚུལ་ཉུང་དུ་གཏོང་ཐུབ། 
3.གོམ་བགྲོད་ཀྱིས་ཤ་གནད་ཀྱི་སྟོབས་དང་།རྐང་བའི་ཤུགས།རྩ་རྒྱུས་སོགས་ཇེ་ལེགས་སུ་གཏོང་ཞིང་། ལྷུ་ཚིགས་སྐྱེན་པོར་གཏོང་བས།མིའི་ལུས་ཀྱི་ཁྲག་འཁོར་སྐྱོད་དང་སྙིགས་དོར་བཅུད་ལེན་ལ་སྐུལ་འདེད་བྱེད་ཐུབ། 
4.གོམ་བགྲོད་ཀྱིས་ཟས་འཇུའི་གཤེར་རྨེན་ཟགས་ཐོན་གྱི་ནུས་པ་ཆེ་རུ་བསྐྱེད་ཐུབ་པས། ཕོ་བའི་ནང་དུ་ཚད་དང་མཐུན་པའི་དལ་འགུལ་བྱེད་ཅིང་། དང་ག་ཆེ་རུ་གཏོང་ཐུབ། 
5.ཕྱི་རོལ་གྱི་དྭངས་གཙང་མཁའ་དབུགས་ནང་གོམ་བགྲོད་བྱས་ཚེ། ཀླད་པའི་བསམ་གཞིགས་ནུས་པ་ཇེ་གསལ་དང་སྐྱེན་པོར་འགྲོ་ལ། ཀླད་ཤུགས་ཐང་ཆད་པ་གསོས་ནས་སློབ་སྦྱོང་དང་བྱ་བའི་ལས་ཆོད་མཐོ་རུ་གཏོང་ཐུབ། 
6.གོམ་བགྲོད་ནི་འཇགས་པའི་ཁྲོད་འགུལ་བ་དང་འགུལ་བའི་ཁྲོད་འཇགས་པའི་ལུས་སྦྱོང་རྣམ་པ་ཞིག་ཡིན་སྟབས། དབང་རྩའི་སེམས་འཚབ་རང་བཞིན་ལྷོད་དུ་གཏོང་ཐུབ། ཆེད་མཁས་པས་བརྟག་དཔྱད་མཐར། སེམས་མི་སྐྱིད་པ་དང་སེམས་འཚབ་པའི་སྐབས་ཅུང་ཡང་ཞིང་མགྱོགས་པོར་སྐར་15ཡས་མས་སུ་སོང་ཚེ། སེམས་ཁམས་ཞི་བར་བྱེད་ལ། སྙིང་ཁམས་བདེ་བར་གཏོང་། 
7.དུས་གཏན་ཁེལ་གྱི་གོམ་བགྲོད་རྒྱུན་འཁྱོངས་བྱས་ཚེ། སྙིང་ཁམས་སུ་ཁྲག་ཉུང་བའི་ནད་དང་ཁྲག་ཤེད་དམའ་བ་མེད་པར་གཏོང་ཐུབ་ལ། ལུས་ཀྱི་ཉོབ་པ་སེལ་ནས་རྣམ་རིག་ལྡན་པ་ཞིག་ཏུ་གཏོང་ཐུབ། 
8.གོམ་བགྲོད་ཀྱིས་ཚིལ་ཞག་དང་མཁྲིས་རྒྱུ་གཤེར་རྩི་འཕར་རྩའི་ནང་དུ་འགག་པ་ཉུང་དུ་གཏོང་ཐུབ་ལ། ཁྲག་གི་མངར་ཆ་ཚིལ་ཞག་ཏུ་འགྲོ་བའི་གོ་སྐབས་ཉུང་དུ་གཏོང་ཐུབ། 
9.གོམ་བགྲོད་ཀྱིས་མིའི་ལྟོ་བར་ཚིལ་ཞག་འཁྱིལ་བ་ཉུང་དུ་གཏོང་ཐུབ་ལ། ལུས་གཟུགས་ཀྱི་མཛེས་ཉམས་སྲུང་འཛིན་བྱ་ཐུབ། 
10.གོམ་བགྲོད་ཀྱིས་ཁྲག་རྡོག་ཏུ་འགྲུབ་པ་ཉུང་དུ་གཏོང་ལ། སྙིང་རྩ་འགག་པའི་ཚད་ཉུང་དུ་གཏོང་ཐུབ། 
11.གོམ་བགྲོད་ཀྱིས་སྐུལ་རྩི་འབྱུང་བ་ཉུང་དུ་གཏོང་ལ། མཁལ་མགོའི་རྨེན་རྩི་མང་དུ་མི་འབྱུང་བ་བྱེད་ཐུབ།མཁལ་མགོའི་རྨེན་རྩི་མང་དུ་སོང་ཚེ་འཕར་རྩའི་ཁྲག་ནད་འབྱུང་།          
12.གོམ་བགྲོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ལ། མཁའ་དབུགས་ལ་བཙོག་སྐྱོན་མི་བཟོ་བ། སྐུ་གཟུགས་བདེ་ཐང་དང་། ལུས་པོའི་འགོག་ཤུགས་མཐོ་རུ་གཏོང་བ། ནད་རིགས་འབྱུང་བ་ཉུང་དུ་གཏོང་ཞིང་། ཚེ་ཐག་རིང་བར་བྱེད་པའི་ནུས་པ་ལྡན་ནོ། ། 
        མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་སྟེགས་ལས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1