༄༅།། དུག་རྫས་གཏན་འགོག་བྱས་ནས། ཚེ་སྲོག་ལ་གཅེས་སྤྲས་གྱིས་ཤིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26


ཅི་ཞིག་ནི་དུག་རྫས་ཡིན་ནམ།
        《 ཉེས་ཁྲིམས》 ཀྱི་དོན་ཚན་357ནང་གཏན་འབེབས་བྱས་ཡོད་པ་སྟེ། དུག་རྫས་ཞེས་པ་ནི་ཉལ་ཐ་དང་། ཧེ་རོན། ཅ་ཅི་པུན་པིན་ཨན( འཁྱགས་དུག) མ་ཧྥེ། དུག་རྫས་སོ་མ་ར་ཙ། ཁོ་ཁ་དབྱིན་སོགས་དང་དེ་བཞིན་རྒྱལ་ཁབ་ནས་དོ་དམ་ཚོད་འཛིན་ནན་པོ་བྱ་རྒྱུའི་གཏན་འབེབས་བྱས་པའི་མི་ལ་དབྱིངས་འབྱར་ཐུབ་པའི་སྦྲིད་སྨན་དང་སྨྱོ་ནད་སྨན་སོགས་རེད།
དུག་རྫས་ལ་ཁྱད་ཆོས་གང་ཡོད་དམ།
        བསྐྱར་བཟློས་རང་བཞིན་དང་།  ཁྲིམས་འགལ་རང་བཞིན།  གནོད་འཚེའི་རང་བཞིན་བཅས་ལྡན་ཡོད།
དུག་རྫས་ཀྱི་གནོད་འཚེ་གང་དག་ཡོད་དམ།
        མདོར་བསྡུས་ན“ རང་ཉིད་བརླག་པ་དང་ཁྱིམ་ཚང་འཐོར་བ། སྤྱི་ཚོགས་ལ་གནོད་པ”རེད། (1) དུག་རྫས་ཀྱིས་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད།(2) དུག་རྫས་གནད་དོན་གྱིས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་གཞན་སློང་སྲིད་པ་དང་། རྒྱུན་ལྡན་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་གི་ཡོད། (3) དུག་རྫས་ཀྱི་གནད་དོན་ལས་རུལ་སུངས་ཀྱི་སྣང་ཚུལ་ཚབས་ཆེ་རུ་གཏོང་གི་ཡོད།(4) དུག་རྫས་ཀྱི་གནད་དོན་གྱིས་སྤྱི་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོ་གི་ཡོད།
དུག་རྫས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་ལྡན་བྱེད་ཐབས་གང་ཡིན་ནམ།
        དུག་རྫས་ཀྱི་གནོད་འཚེ་གསལ་པོ་ཤེས་དགོས་པ་དང་།  དུག་འཐེན་པ་དང་དུག་ཚོང་གནས་ཚུལ་ཤེས་ཚེ་ལམ་སེང་འབྲེལ་ཡོད་ཚན་པར་སྙན་སེང་ཞུ་དགོས།
གཞོན་ནུ་ལོ་ཆུང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དུག་འགོག་གང་འདྲ་བྱེད་དགོས་སམ།
        གཅིག་ནི་གཞན་གྱི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱེད་དགོས། གཉིས་ནི་དུག་རྫས་འཐེན་མཁན་དང་དུག་རྫས་ཉོ་འཚོང་བྱེད་མཁན་དང་འགྲོགས་མི་རུང་། གསུམ་ནི་དུག་འཐེན་མྱོང་ཡོད་པའི་མིས་སྤྲད་པའི་ཐ་མག་འཐེན་རྒྱུ་མེད། བཞི་ནི་དུག་རྫས་དང་རྒྱང་དུ་གྱེས་པ་དང་། དུག་རྫས་ལ་གཏན་ནས་རེག་མི་རུང་།།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1