གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

ལྷ་བྱ་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་ཕྲན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༧ཚེས་༡༢ཉིན།

༄༅། །མངལ་དང་ལྡན་སྐབས་རང་དགར་སྨན་འཐུང་མི་རུང་།

        སྤྱིར་བཏང་སྨན་མང་པོ་གང་བྱུང་དུ་བཏུང་ན་ཞོར་སྐྱོན་མང་པོ་ཡོད་པ་ང་ཚོའི་ཤེས་གསལ་ལྟར་རེད། ལྷག་ཏུ་མངལ་ལྡན་བུད་མེད་ལ་ནད་ཕོག་དུས་སྨན་པའི་ངག་བཞིན་ལས་སྨན་གང་རུང་བ་རང་བསམ་གྱིས་བཏུང་ན་གནོད་པ་ཚབས་ཆེན་ཡོད་པ་རེད།  ཨ་མའི་ཁྲག་གི་ནང་དུ་ཡོད་པའི་གནོད་ཅན་དངོས་པོ་འགའ་ཡི་གར་ཚད་ཇེ་ཆེར་སོང་ནས་ཁྲག་རྒྱུན་བརྒྱུད་ནས་སྦྲུམ་མའི་ཀླད་པར་སོང་ནས་སྦྲུམ་མའི་ཀླད་པ་དང་དབང་རྩའི་མ་ལག་རྒྱུན་ལྡན་དུ་འཕེལ་བར་གནོད་འཚེ་གཏོང་སྲིད་པ་རེད། ཐ་ན་ཕྲུ་གུ་ཡ་མ་གཟུགས་དང་བྱིས་པའི་རིག་པའང་འཕེལ་ཚུལ་ཆ་མི་མཉམ་པ་དང་། འོན་པ་དང་། ལྐུགས་པ། མིག་ཡ་གཅིག་ལས་མེད་པ། ཁ་ཤོ་བ་སོགས་སྐྱེས་སྲིད་པ་རེད། གནད་དོན་འདི་དག་གི་རིགས་ལ་སྐྱེས་མ་ཚོས་ཉམས་འཇོག་བྱ་དགོས་པའི་གནད་དམ་པ་ཞིག་རེད།



39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1