༄༅།། བདེ་སྐྱིད།

ཕུན་བདེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-12


ཕུན་བདེ། 




སུ་ཡི་སྣང་བའི་སྦུབས་སུ་ཁྱེད་རང་མེ་ཏོག་གི་འདབ་མ་ལྟར་འཇམ།
རེག་བྱ་དེའི་སླད་དུ།
མཚན་ནུབ་ཀྱི་གཏི་མུག་ལ་ཡང་འགོར་འགྱང་བྱས།
འགྲོ་བའི་མིག་ཤེས་ལ།
ཁྱེད་ཀྱི་མཛེས་སྡུག་གི་བསླུ་བྲིད་ཐེབས།
དུས་ཚོད་དང་ལང་ཚོ།
ད་དུང་། ཡིད་དང་ཤེས་པའི་ནུས་ཤུགས་ཡོད་ཚད་ཁྱེད་ཀྱི་ཆེད་དུ་བཏང་།
ཅི་ཙམ་ཟུར་དུ་བཅར་ན་ཡང་།
དེ་ཙམ་རིང་དུ་མི་འགྲོ་བའི་ངེས་པ་མེད་མོད།
སུས་ཀྱང་དེ་དག་ཡོད་ཚད་ལ་བསམ་བློ་གཏོང་འདོད་ཡོད་མི་སྲིད།
ཁྱེད་ཀྱི་བསླུ་བྲིད་ནི་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་ཕྱིར།
ཁྱེད་རང་ཨེན་ཙམ་ཡང་མ་བཅར་བར་བཞུད་སོང་རུང་།
མི་དེ་དག་གིས་ཁྱེད་ལ་ངན་ཁག་ཅི་ཡང་མི་དཀྲི་བར།
རང་གིས་སྔོན་བསགས་ཀྱི་རྒྱུ་དང་བསོད་ནམས་ཀྱི་ཁ་ཡིག་ཏུ་བསྙད་ནས།
དུས་གསུམ་གྱི་བདེན་ཁ་མཐའ་དག་ཁྱེད་ལ་སྟེར་ངེས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1