འཚོ་གནས་དཀའ་བའི་ཁུལ་དུ“གཙོད་ཕྲུག”སྐྱེས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-14



བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་མོ་ཁྱུ་གཅིག་གཙོད་ཕྲུག་སྐྱེ་ཡུལ་དུ་སྐྱོད་བཞིན་པ། 

སྐྱེས་མ་ཐག་པའི་གཙོད་ཕྲུག་ལ་གཙོད་ཨ་མས་ལྕེ་ལྡག་བྱེད་བཞིན་པ། 
          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁོངས་ཀྱི་བོད་ལྗོངས་ཤན་རྩ་རྫོང་སྨད་པ་ཤང་དུ་ནགས་ལས་ལས་དོན་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པའི་རོགས་རམ་འོག་གཙོད་ཕྲུག་སྐྱེ་བའི་བརྒྱུད་རིམ་ཧྲིལ་པོ་མཐོང་བ་རེད། གཟུགས་སྟོབས་ཅུང་ཟད་ཆེ་བའི་གཙོད་ཅིག་གཙོད་ཁྱུ་དང་བར་ཐག་ཅུང་ཟད་ཡོད་པའི་རྩྭ་ཐང་ཐོག་གཅིག་པུར་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་རྗེས་དལ་བུར་ཉལ་ཏེ་མངལ་འཁོར་ནས་ཟླ་བ་དྲུག་སོང་བའི་གཙོད་ཕྲུག་ཅིག་བདེ་བླག་ངང་སྐྱེས་པ་རེད།། 


རྩོམ་ཡིག་སྔོན་མ།
༄༅།། ཕོ་རོག
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1