ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་ཉམས་མྱོང་བརྗེ་རེས་དང་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-14


        སྤྱི་ཟླ་7པའི་ཚེས་12ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་ཉམས་མྱོང་བརྗེ་རེས་དང་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་གྲོས་ཚོགས་ལ་གཙོ་སྐྱོང་དང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ལ་བླང་བྱ་བཏོན། 
        ཚོགས་ཐོག་ཏུ་ཝང་ཏུང་མིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཤིང་། ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ནས་འགོ་བརྩམས་པ་རྒྱུན་འཁྱོངས་བྱས་ནས་ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་དེ་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ལས་ཀའི་འབུར་ཐོན་གྱི་གོ་གནས་སུ་བཞག་པ་རེད། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་གི་ངོས་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེའི་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་ཐོད་བརྒལ་བྱུང་ནས་ཉམས་མྱོང་མང་པོ་ཐོབ་པ་རེད། རིམ་པ་སོ་སོའི་སྡེ་ཁག་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱ་དགོས་པར་མ་ཟད། ཁྱོན་ཡོངས་ནས་ཀྲུང་དབྱང་གི་ཞིང་གསུམ་ལས་ཀའི་སྲིད་ཇུས་དང་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱ་དགོས་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1