༄༅།། “བདུན་ལྔ”ཁྲིམས་ཁྱབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-24


        “བདུན་ལྔ”ཁྲིམས་ཁྱབ་ཅེས་པ་ནི 2016ལོའི་ཟླ4པའི་ཚེས17ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་ཡིས་སྤྱི་དམངས་ཁྲོད་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་ཐེངས་བདུན་པའི་ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོ (2016ལོ་ནས2020ལོ) དེར་གོ་དགོས་ཤིང་། གཤམ་དུ་བསྡུས་མིང་ལ“བདུན་ལྔ”ཁྲིམས་ཁྱབ་ཀྱི་འཆར་འགོད་ཅེས་འབྲི་བར་བྱ།
དམིགས་འབེན་གཙོ་བོ་དང་བྱ་བའི་བླང་བྱ།
དམིགས་འབེན་གཙོ་བོ།
        བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་སློབ་གསོའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོའི་ཕན་ནུས་རང་བཞིན་སྔར་ལས་ཆེ་རུ་ཕྱིན་པ། ཁྲིམས་ལྟར་བཅོས་སྐྱོང་སྔར་བས་གཏིང་ཟབ་ཏུ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཏང་ཡོན་ཡོངས་ཀྱི་ཏང་གི་སྒྲིག་ཡིག་འདུ་ཤེས་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ལག་ཏུ་བསྟར་བའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་ཡིན།
བླང་བྱ་གཙོ་བོ།
—ལྟེ་བར་དམིགས་པ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།
—མང་ཚོགས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ།
—སློབ་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་དང་བཅོས་སྐྱོང་ཟུང་སྦྲེལ་བྱེད་པ།
—རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ་གཙོ་གནད་འབུར་དུ་ཐོན་པ།
—གསར་གཏོད་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ་ཕན་འབྲས་དངོས་ལ་དོ་སྣང་བྱེད་པ།

འཆར་འགོད་ཀྱི་ལས་འགན་ཆེན་མོ་བདུན།
(1) ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ།
(2) རྩ་ཁྲིམས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ།
(3) ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དྲིལ་སྒྲོག་གཏིང་ཟབ་བྱེད་པ།
(4) ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ།
(5) སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།
(6) རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།
(7) ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ།

འཆར་འགོད་ཀྱི་ཁ་གཏད་ཡུལ།
      སློབ་གསོ་དང་ལེན་བྱེད་ནུས་ཡོད་པའི་སྤྱི་དམངས་ཐམས་ཅད་དང་། གཙོ་གནད་ནི་མགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་རྣམས་ཡིན།
འཆར་འགོད་བྱ་ཐབས་དང་མགོ་ཁྲིད་རྩ་འཛུགས།
འཆར་འགོད་བྱ་ཐབས།
(1) ཁྲིམས་ཁྱབ་དྲིལ་སྒྲོག་སློབ་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།
(2) ཁྲིམས་ཁྱབ་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།
(3) ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བ།
མགོ་ཁྲིད་རྩ་འཛུགས།
(1) མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ།
(2) བྱ་བར་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ།
(3) འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།
        《འཆར་འགོད》ལས་བསྟན་དོན། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་དྲུག་ལྔ་ཁྲིམས་ཁྱབ་འཆར་འགོད་བདེ་བླག་ངང་ལག་བསྟར་བྱས་ཟིན་པ་དང་། སློབ་གསོའི་སྐོར་གྱི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་དོན་གཙོ་བོ་ཡིན་པའི་བཅའ་ཁྲིམས་ཤེས་བྱ་སྔར་བས་ཁྱབ་གདལ་དུ་གཏོང་ཐུབ་པ་བྱུང་ཞིང་། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་དང་སློབ་གྲྭས་ཁྲིམས་ལྟར་སློབ་གསོ་བསྐྱང་སྟེ། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་པ། སློབ་མ་ཚོའི་ཁྲིམས་ལུགས་ཆུ་ཚད་སྔར་བས་མཐོ་རུ་བཏང་བར་མ་ཟད། དགེ་སློབ་ཀྱི་ཁེ་དབང་ལ་འགན་སྲུང་དང་བདེ་འཇགས་སློབ་ར་སྒྲིག་འཛུགས། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བའི་ཁྲོད་དུ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1