རྟའུ་རྫོང་དུ་སྐབས་གསུམ་པའི་ལྔ་བའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-31


        སྤྱི་ཟླ་7པའི་ཚེས་29ཉིན།  རྟའུ་རྫོང་དུ་སྐབས་གསུམ་པའི་ལྔ་བའི་སོ་ནམ་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས་ཤིང་། ལྟད་མོ་བ་15000ལྷག་འགོ་ཚུགས་མཛད་སྒོར་ཞུགས།  

        ཉེ་བའི་ལོ་ཤས་རིང་།  ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་འོག   རྟའུ་རྫོང་གིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སེལ་འགག་སྒྲོལ་ཐད་ཐོད་བརྒལ་གྱི་གྲུབ་འབྲས་བླངས་པ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་པ་གཙིགས་སུ་འཛིན་པའི་དམངས་འཚོ་ལེགས་བཅོས་ཀྱི་ལམ་བུར་གོམ་པ་བརྟན་པོ་སྤོས་པ་རེད།  རྒྱུན་རྣམ་ལེགས་བཅོས་ལ་བརྟེན་ནས་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་ཆེན་པོ་ཐོན།  འདོད་དགུའི་དཔལ་ཡོན་རྒྱས་ཤིང་རྒྱལ་སྲིད་དང་མི་སེམས་མཐུན་པའི་རྣམ་པ་གསར་པ་ཞིག་གཏོད་ཅིང་།  བསྐྱར་དུ་བདེ་སྡོད་ལས་བརྩོན་དང་མཐུན་སྒྲིལ་འཆམ་མཐུན་གྱི་གཟུགས་བརྙན་གསར་པ་ཞིག་བསྐྲུན་པ་རེད།  

        རྒྱུས་ལོན་བྱུང་བ་ལྟར་ན།  རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལྔ་བའི་དུས་ཆེན་སྤེལ་བ་བརྒྱུད་ནས་རྟའུ་ཁྱབ་བསྒྲགས་བྱས་ཤིང་།  རྟའུ་ཡི་འགྱུར་ལྡོག་གིས་སི་ཁྲོན་བོད་ཁུལ་ལ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་བདེ་དཔང་དང་འགྲེལ་བཤད་བྱས་པ་རེད། 

        དུས་མཚུངས་སུ།  རྟའུ་རྫོང་གིས་ཐེངས་འདིའི་ལྔ་བའི་དུས་ཆེན་གྱི་གོ་སྐབས་དང་བསྟུན་ཏེ་ཁྱོན་ཡོངས་ནས་སི་ཁྲོན་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་།  གོམ་གང་མདུན་སྤོས་ཀྱིས་ཁུལ་ཨུ་ཡིས་བསྟན་པའི་དམིགས་ཡུལ་གཅིག་དང་གནད་འགག་གཉིས།  དོན་ཆེན་གསུམ་དང་འཐབ་ཇུས་ཆེན་པོ་དྲུག་ཅེས་པའི་སྤྱི་ཡོངས་ཀྱི་ལས་ཀར་དམིགས་པ་དང་།  རྫོང་ཨུ་ཡིས་བསྟན་པའི“དབུལ་སེལ་འགག་སྒྲོལ་གཙོ་བོ་བྱས་ནས་གྲོང་རྡལ་མཉམ་འཛུགས་དང་ཐོན་ལས་མཉམ་གསོ།  སྤྱི་ཚོགས་མཉམ་བཅོས”ཏེ“གཙོ་གཅིག་མཉམ་གསུམ”གྱི་འཕེལ་རྒྱས་བསམ་བློ་སྐུལ་འདེད་དང་ཞིང་བ་དང་འབྲོག་པ།  རིག་གནས་བཅས་ཀྱི་ཡུལ་སྐོར་མཉམ་འབྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མུ་མཐུད་དུ་སྐུལ་འདེད་བྱ་རྒྱུ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1