༄༅།། སྤུན་ཉེ་གཉེན་སྒྲིག་བྱ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-01


        རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ནང་ཐད་ཀའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་ཁྲག་རྒྱུད་གཉེན་ཚན་དབར་གཉེན་སྒྲིག་བྱ་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། མི་རབས་གསུམ་ནང་ཚུན་གྱི་ཁྲག་རྒྱུད་གཉེན་ཚན་ཞེས་པ་ནི་རང་ཉིད་ནས་ཡར་འདེད་པའི་ཁྲག་རྒྱུད་གཅིག་པའི་མི་རབས་གསུམ་གྱི་སྤུན་མཆེད་དང་མར་འདེད་པའི་མི་རབས་གསུམ་གྱི་སྤུན་མཆེད་ལ་བརྗོད། 
        མི་སོ་སོའི་ཕྲ་ཕུང་ནང་ཚོས་ལེན་རྫས་ཕྲ་46ཙམ་ཡོད་པའི་ཁྲོད་23ནི་ཨ་ཕ་ལས་བྱུང་བ་ཞིག་ཡིན་པ་དང་གཞན་23ནི་ཨ་མ་ལས་བྱུང་བ་ཞིག་ཡིན་ཞིང་། དེར་ཕ་མེས་ཡང་མེས་ཀྱི་རྒྱུད་འཛིན་གཞི་རྒྱུ་ལྡན་ཡོད། ཁྲག་རྒྱུད་ཉེ་བའི་མིའི་ལུས་ཁམས་ལ་ཕ་མེས་ཡང་མེས་དང་འདྲ་བའི་གནོད་ཡོད་གཞི་རྒྱུ་ལྡན་ཚད་མཐོ་བ་དང་། སྤུན་ཉེ་གཉེན་སྒྲིག་བྱས་རྗེས་ཀྱི་རྒྱུད་པར་གནོད་ཡོད་གཞི་རྒྱུ་ལྡན་ཚད་སྤུན་ཉེ་གཉེན་སྒྲིག་མ་ཡིན་པའི་མི་ལས་ཧ་ཅང་མཐོ་བ་ཡོད་པ་དང་། ཁོང་ཚོར་མངོན་མེད་ཀྱི་ལྷན་སྐྱེས་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད། ཁྲག་རྒྱུད་ཀྱི་འབྲེལ་བ་ཇི་ཙམ་ཉེ་ན་མི་རབས་རྗེས་མར་ལྷན་སྐྱེས་ནད་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད། སྤུན་ཉེ་གཉེན་སྒྲིག་བྱ་མི་ཆོག་པ་དེས་ལྷན་སྐྱེས་ནད་ཕོག་པའི་ཉེན་ཁ་ཆུང་དུ་ཆེས་ཆེར་གཏོང་ཐུབ། །
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1